| | e-texts navigator
|
170b1 པ་རྡོ་རྗེ་དང་བཅས་པར་ཐལ་མོ་སྦྱར་བ་ཨུད་པ་ལའི་ལོ་མའི་མདོག་གམ་བྲི་ཡང་ཀུལྟ་བུར་སྔོབསངས་སམ་གསེར་གྱི་མདོག་ཅན་བྲི་བར་བྱའོ། ། བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ་རྡོ་རྗེ་འཛིན་ཆེན་པོ་ཞེས་བྱ་བ་རྡོ་རྗེ་འཛིན་གསེར་གྱི་མདོག་ཅན
170b2 རལ་པ་དང་ཅོད་པན་ཅན་གོས་སེར་པོ་གྱོན་པ་ལག་པ་གཡོན་གྱིས་ལུགས་ཀྱུ་ཡོངས་སུ་འཛིན་པ་བྲི་བར་བྱའོ། ། དེའི་འོག་ཏུ་མིང་ངམ་མཐའ་མེད་ཅེས་བྱ་བའི་འཁོར་འབར་བའི་སྙིང་པོ་ཅན་ཁྲོས་ཤིང་འཁྲུགས་པར་གྱུར་པ་ནོར་བུའི་ཟུར་ཕུད་ཀྱིས་བརྒྱན་པ
170b3 ཨ་ཤོ་ག་དམར་པོའི་མདོག་ཅན་ལག་པ་ན་གྲི་གུག་དང་ཞགས་པ་ཐོགས་པ་བྲི་བར་བྱའོ། ། རྡོ་རྗེ་འཛིན་པའི་འོག་དུ་གཞོན་ནུ་མ་གཡོན་ན་ཟུར་ཕུད་གཅིག་པ་ནག་པོ་སྔོ་བསངས་རོལ་པར་གྱུར་པས་འཁོར་ལ་དགའ་བ་དང་བཅས་པས་ལྟ་བ། གོས་སྔོན
170b4 པོ་གྱོན་པ་ལག་ནི་མེ་ཏོག་གི་ཕྲེང་བ་ཐོགས་པ་མཐའ་མེད་མ་ཞེས་བྱ་བ་ཕོ་ཉ་མོ་བྲི་བར་བྱའོ། ། བྲིས་སྐུའི་གཞན་དུ་ཡང་ལས་དེ་དག་ཉིད་དང་སྒྲུབ་པ་དེ་དག་ཉིད་བྱ་བའམ་རྟོག་པ་ཐམས་ཅད་ཀྱི་ཆོ་གའི་སྦྱོར་བ་འམ་ཡིད་ལ་འདོད་པའི་ཆོ་ག་སྦྱར
170b5 བར་བྱའོ། ། དུར་ཁྲོད་དུ་འབུམ་བཟླས་ན་རྡོ་རྗེ་འཛིན་འོངས་ནས་ལག་པ་ནས་བཟུང་སྟེ་ལྕང་ལོ་ཅན་དུ་འདྲེན་པར་བྱེད་དོ།། དེས་རྡོ་རྗེ་རིགས་ཀྱི་གཞོན་ནུར་གྱུར་པ་ཐོབ་པར་འགྱུར་རོ།། རིག་པ་འཛིན་པ་ས་དངོས་པོ་རལ་གྲི་ལ་སོགས་པ་ལ་བསྙེན
170b6 བ་བྱས་པ་དེས་རིག་པ་འཛིན་པར་འགྱུར་རོ། ། རྒྱ་མཚོར་ཞུགས་ནས་འབུམ་བཟླས་ནས་ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་སུ་ཕྱིན་པར་འགྱུར་ཞིང་ཀླུའི་རྒྱལ་པོ་རྒྱ་མཚོ་མཐོང་བར་འགྱུར་རོ།། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ལུས་རབ་ཏུ
170b7 ཐོབ་པར་འགྱུར་རོ། ། ཡིད་བཞིན་གྱི་ནོར་བུའམ་རྡོ་རྗེའམ་རལ་གྲིའམ་འཁོར་ལོ་འམ་རིན་པོ་ཆེ་ལ་སོགས་པ་དེ་རྣམས་ཀྱི་རིག་པར་འཛིན་པར་འགྱུར་ཞིང་།། སངས་རྒྱས་ཀྱི་ཞིང་མང་པོར་འགྲོ་བ་དང་འོད་ནུས་པར་འགྱུར་རོ།། ཀླུའི་རིགས་ཐམས་ཅད
170b8 བློ་མཐུན་པར་འགྱུར་རོ། ། ཆར་ཆེན་པོ་རྣམ་པ་སྣ་ཚོགས་པ་མངོན་པར་འབབ་པར་འགྱུར་རོ།། ཀླུའི་མཚེའུ་གང་དུ་འབུམ་བཟླས་ན་ཀླུའི་གནས་དེར་རབ་ཏུ་འཇུག་པར་འགྱུར་ཞིང་དེར་གང་འདོད་པ་དེ་རྙེད་པར་འགྱུར་རོ།། གཾ་གཱར་ཞུགས་ཤིང་འབུམ
iiif viewer powered by OpenSeadragon
170a - 171a