| | e-texts navigator
|
170a1 བྱེད་པས་ལུགས་དང་། གསེར་དངུལ་དང་ལྕགས་གསུམ་དང་ཙན་དན་དང་། རྡོ་དང་ཐན་ཤིང་དང་ས་ལས་བྱས་པ་འམ། ཏ་ལའི་ལོ་མའི་རང་བཞིན་ལས་བྱས་པ་ལ་སྔར་སྨོས་པའི་ཚོ་གས་གཅིག་པུ་དབེན་པར་འདུག་སྟེ་འབུམ་བཟླས་པས
170a2 བསྒྲུབས་ན་གོང་མ་བཞིན་རིག་པ་འཛིན་པར་འགྱུར་རོ། ། ལྡོང་རོས་སམ། མིག་སྨན་རྣམ་པ་བླའམ་གི་ཝཾ་ལ་སོགས་པ་ལོ་མའི་བར་རམ། གོས་ཀྱི་བར་རམ་ལྤགས་ཀྱི་སྣོད་ཁ་སྦྱར་དུ་བཅུག་ལ་སྒྲུབ་པར་བྱ་བའམ། གོས་སམ་རྒྱལ་མཚན་ནམ་ནོར་བུའམ།
170a3 མུ་ཏོག་ཕྲེང་བ་ལ་སོགས་པ་རྒྱན་རྣམས་སམ།། པད་མའམ་ཨུད་པལ་ལ་སོགས་པ་མེ་ཏོག་གི་ཁྱད་པར་རམ། སྐེ་རགས་སམ་ལྷུང་བཟེད་དམ་ཆོས་གོས་སམ་མཁར་བསིལ་ལ་སོགས་པའི་ཡོ་བྱད་ལག་པར་ཆུད་པའམ་ལོ་མའམགོས་སམ
170a4 ཞགས་པ་ལ་བསྒྲུབས་ན་འབར་བར་འགྱུར་ཞིང་རིག་པ་འཛིན་པར་འགྱུར་རོ། ། ཅི་སྙེད་ཀྱི་གྲོགས་འདོད་པ་དེ་སྙེད་ཀྱི་གྲོགས་དང་ལྷན་ཅིག་འཕུར་ཞིང་འགྲོ་བར་འགྱུར་རོ།། ཐོགས་པ་མེད་པར་དོན་ཡོད་པར་གྲུབ་པའི་སྙིང་པོ་འདི་ཡང་བསོད་ནམས
170a5 དང་ལྡན་པའམ་བསོད་ནམས་དང་མི་ལྡན་པ་ཡང་རུང་འགྲུབ་པར་འགྱུར་རོ། ། ཚུལ་ཁྲིམས་དང་ལྡན་པ་ཡང་རུང་ཚུལ་ཁྲིམས་དང་མི་ལྡན་པ་ཡང་འགྲུབ་པར་འགྱུར་རོ།། ཐབས་དང་ལྡན་པ་འམ་ཐབས་དང་མི་ལྡན་པ་ཡང་འགྲུབ་པར་འགྱུར་རོ།།
170a6 མཁས་ཀྱང་རུང་མི་མཁས་ཀྱང་རུང་ངེས་པར་དོན་ཡོད་པར་འགྱུར་རོ།། གཞན་དུ་དད་པ་མེད་པ་དང་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་རྣམས་ཀྱིས་མ་ཡིན་ནོ།། བྲིས་སྐུ་མེད་ཀྱང་རུང་མཆོད་པ་མེད་ཀྱང་རུང་ཁྲུས་ལ་སོགས་པ་མེད་ཀྱང་རུང་ཕྱིའི་གཙ
170a7 སྒྲ་སྤྱོད་པ་ལ་སོགས་པ་མེད་ཀྱང་རུང་ཉ་ཤ་དང་ཤ་དག་ལ་སོགས་པ་ཡོངས་སུ་མ་སྤངས་ཀྱང་རུང་འགྲུབ་པར་འགྱུར་རོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་པ་བསྒོམ་པའི་སེམས་ཀྱིས་འགྲུབ་པོ།། གལ་ཏེ་བྲིས་སྐུ
170a8 ལ་སྒྲིབ་པ་བྱེད་པར་འདོད་པས་ཐད་ཀ་ལ་བཅོམ་ལྡན་འདས་རིན་པོ་ཆེའི་རི་བོ་ལ་རིན་པོ་ཆེའི་པད་མའི་སྟེང་ན་བཞུགས་པ་བྲི་བར་བྱའོ། ། བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ་འཕགས་པ་རྡོ་རྗེ་འཛིན་པུས་མོ་བཙུགས་ནས་པད་མ་ལ་བཞུགས
iiif viewer powered by OpenSeadragon
169b - 170b