e-texts navigator
Collection
Volume
Page
Wylie

169b1 དང་ལྡན་པའི་སེམས་ཀྱིས་སྟོབས་བཅུ་མཁྱེན་པའི་ས་དོན་དུ་གཉེར་ཞིང་མངོན་པར་འདོད་པས་འབུམ་བཟླ་བར་བྱའོ། ། དེ་ནས་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་མཐོང་བར་འགྱུར་ཞིང་དེས་ཏིང་ངེ་འཛིན་དང་གཟུངས་ལ་སོགས་པ་འམ་ཕྱིར་མི་ལྡོག
169b2 བའི་ས་ལ་ཞུགས་པའི་བར་དུ་འཐོབ་པར་འགྱུར་རོ། ། འདི་ནི་བྱང་ཆུབ་སེམྦ་དཔའི་ཐེག་པ་པ་ཐབས་དང་ཤེས་རབ་ལ་མཁས་པ་དེ་དག་གི་བཟླས་པའི་ཆོ་ག་ཡིན་ནོ།། གལ་ཏེ་རིག་པ་འཛིན་པར་གྱུར་ཅིག་ཅེས་ཡིད་ལ་བྱེད་ལ་བཟླས་པ་འབུམ་ཡོངས་སུ
169b3 རྫོགས་པར་བྱས་ནས། བཅཝ་ལྔ་འམ་བཅུ་གསུམ་མམ་བཅུ་བཞིའི་ཉིན་མཚན་ལ་གསོ་སྦྱོང་བྱས་ལ། ཅི་འབྱོར་པའི་མཆོད་པ་བྱས་ནས་མེ་ཏོག་གི་གཅལ་བཀྲམ་པའི་དཀྱིལ་འཁོར་ལ། མཆོད་རྟེན་ནཔ་ལུགས་སྐུའམ་དམ་པའི་ཆོས་ཀྱི་གླེགས་བམ་མདུན
169b4 དུ་བཞག་ལ། ཀུ་ཤའི་ཁྲེས་པོ་འམ་གཅལ་དུ་བཀྲམ་པ་ལ་འདུག་པ་འམ་ལོ་མ་ལ་ཉེ་བར་འདུག་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོག་སློང་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱ་བ་དང་།
169b5 དམིགས་པ་དང་བཟླས་པས་ལྕགས་ཀྱི་འཁོར་ལོ་ལག་པ་ལ་ཐོགས་ལ་ཇི་སྲིད་དུ་འབར་བར་མ་གྱུར་པ་དེ་སྲིད་དུ་བཟླས་པ་བྱས་ན་འབར་བར་འགྱུར་ཞིང་། ས་ཆེན་པོ་འགུལ་བར་འགྱུར་ཏེ་རིག་པ་འཛིན་པ་ཐམས་ཅད་འདུས་ཤིང་དེ་དག་གིས་དབང་བསྐུར
169b6 བར་འགྱུར་རོ། ། བྱང་ཆུབ་སེམས་དཔའི་རིག་པ་འཛིན་པའི་རིགས་སུ་བསོད་ནམས་ཇི་ལྟ་བ་དང་རང་གི་སྐལ་པ་ཇི་ལྟ་བའི་གནས་རྙེད་པར་འགྱུར་རོ།། དེ་ཉིད་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསླབ་པའི་ས་ཐོབ་པར་འགྱུར་ཏེ་དེ་ལ་ལུས
169b7 ཉམས་པར་ཡང་མི་འགྱུར་རོ། ། ཐབས་མཁས་པ་ཉིད་ཀྱིས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ཀྱང་གཟི་བརྗིད་མཚུངས་པ་མེད་པ་ཉིད་དུ་འགྱུར་རོ།། འཁོར་ལོའི་རིམ་པ་ཇི་ལྟ་བ་དེ་བཞིན་དུ་རྡོ་རྗེ་དང་མདུང་དང་རལ་གྲི་དང་རྩེ་གཅིག་པ་དང་གདྲན་ཤིང་དང
169b8 དབྱུག་པ་དང་སྟ་རེ་དང་ཁ་ཊྭཱཾ་ག་དང་། གྲི་གུག་དང་ཆུ་གྲི་དང་ལྕགས་ཀྱུ་ལ་ཡང་བསྒྲུབ་པར་བྱའོ།། ཐབས་མཁས་པ་དང་ལྡན་ཞིང་སེམས་ཅན་ཡོངས་སུ་བསྲུང་བའི་བློ་ཅན་ལུས་དང་སྲོག་ལ་ལྟོས་པ་མེད་པ། ཐམས་ཅད་དུ་རྗེས་སུ་འགྲོ་བའི་ཡིད་ལ




iiif viewer powered by OpenSeadragon

169a - 170a

Texts on this page

Q134 - dam tshig gsum bkod pa'i rgyal po zhes bya ba'i rgyud