| | e-texts navigator
|
169a1 བཞིན་གཤེགས་པ་ཀུན་ཏུ་བཟང་པོའི་སྐུ་ཡོངས་སུ་སྒྲུབ་པར་འདོད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས་ལྡང་བར་བྱའོ། ། དེ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འཕགས་པ་སྡོང་པོ་བཀོད་པ
169a2 ལ་སོགས་པ་རེག་པ་རྒྱ་ཆེན་པོ་ཚུལ་གྱི་མདོ་སྡེ་རྣམས་མངོན་པར་མཆོད་ཅིང་ཀློག་པ་འམ་ཐན་ཕྱག་བྱས་ནས་ཟས་བཟའ་བར་བྱ་སྟེ། དང་པོ་ཟས་ལ་སྔགས་འདིས་ལན་བརྒྱད་མངོན་པར་བསྔགས་པ་བྱས་ནས་ཁམ་གྱི་དང་པོ་ལྷ་ཉིད་ལ་དབུལ་ཞིང་དེའི་འོག་ཏུ་ཟས
169a3 བཟའ་བར་བྱའོ། ། དེ་ལ་སྔགས་ནི་འདི་ཡིན་ཏེ། ན་མཿསརྦ་བུད་དྷ་བོ་དྷི་སཏྭཱ་ནཱཾ། ཨོཾ་བ་ལེན་ཏེ། ཏེ་ཇོ་མ་ལི་ནི་སྭཱ་ཧཱ། ཁ་ཟས་ཀྱིས་དུབ་པ་སྤངས་ནས་ཀྱང་སྔ་དྲོའི་བྱི་བ་གང་ཡིན་པ་དེ་དག་ཐམས་ཅད་ཕྱི་དྲོ་ཡང་བྱ་བ་ཡིན་ནོ།། ཉལ་ན་ཡང་ཡན་ལག་ཐམས་ཅད
169a4 ཀ་ཡིས་དང་པོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས་བསྟོད་དེམལ་སྟན་ལ་འདུག་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་པ་དང་བླ་མེད་པའི་དངོས་གྲུབ་ཀྱི་མཆོག་བདག་ལ
169a5 སྩོལ་ཅིག། རྣམ་པར་འཚེ་བ་ཐམས་ཅད་རབ་ཏུ་ཞི་བར་མཛད་དུ་གསོལ་ཞེས་གསོལ་བ་ཡང་གདབ་པར་བྱའོ།། མཚན་གྱི་དང་པོ་དང་ཐ་མ་ལ་མི་ཉལ་བའི་སྦྱོར་བས་དམ་པའི་ཆོས་འདོན་པ་ལ་སོགས་པ་བྱའོ།། སྒྲུབ་པ་པོའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས
169a6 ད་ཨེ་བཞིན་དུ་ཉི་མ་རེ་རེ་ཞིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དང་པོ་ཕྱག་བྱ་བ་དང་ཉིན་རེ་ཞིང་བདག་དབུལ་བ་དང་དེ་བཞིན་དུ་སྡིག་པ་སོ་སོར་བཤགས་པ་དང་འདས་པ་དང་མ་བྱོན་པ་དང་ད་ལྟར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ
169a7 སེམས་དཔའ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་རྗེས་སུ་ཡི་རང་བ་དང་སེམས་ཅན་ཐམས་ཅད་ལ་རང་གི་བསོད་ནམས་བསྟབ་པ་དང་དམ་པའི་ཆོས་ཀྱི་གླེགས་བམ་ལ་ཕྱག་བྱས་ནས་བཅང་བ་དང་ཀློག་པའམ་སྒོམ་པ་དང་། ཐ་ན་མཆོད
169a8 བྱས་ནས་དད་པས་སྙིང་པོ་འདི་བཟླ་བར་བྱ་བ་ཡིན་ཏེ། རིའམ་ལྷ་ཁང་ངམ་ཁྱིམ་མམཐར་ཁང་ལ་སོགས་པའི་གནས་སུ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ལྷག་པར་དམིགས་ཤིང་བཟླས་པས་སེམས་ཅན་ཡོངས་སུ་བསྲུང་བ
iiif viewer powered by OpenSeadragon
168b - 169b