e-texts navigator
Collection
Volume
Page
Wylie

168a1 རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོད་པའི་ཕྲིན་ལས་ཀྱིས་དབུལ་བར་བྱའོ། ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་ཀྱི་སྟོབས་དང་བདག་གི་བསོད་ནམས་ཀྱི་སྟོབས་དང
168a2 ར་ཨིག་པའི་གསང་སྔགས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་མཆོག་ཏུ་རྒྱ་ཆེ་བའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་མཆོག་རྒྱ་ཆེན་པོའི་གོང་མ་ལས་བླ་མར་མངོན
168a3 པར་བསྒྲུབས་པའི་མཆོད་པའི་སྤྲིན་རབ་ཏུ་འབབ་པ་བསམ་པའམ་བརྗོད་ལ། ། མཆོད་པ་ཆེན་པོར་མངོན་པར་སྒྲུབ་པར་བྱེད་པའི་རིག་པའི་རྒྱལ་མོ་ཆེན་མོ་འདི་ལན་བརྒྱད་བརྗོད་པར་བྱའོ།། ན་མཿསརྦ་བུད་དྷ་བོ་དྷི་སཏྭཱ་ནཱ~ཾ་སརྦ་ཐཱ། ཨུ་དག་ཏེ་སྭ
168a4 ར་ཎ་ཏི་མང་ག་ག་ན་ཁ~ཾ་སྭཱ་ཧཱ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཇི་ལྟར་མངོན་པར་བསྔོས་པ་ལྟར་དེ་བཞིན་དུ་ངེས་པར་འབྱུང་ངོ་།། མཆོད་པ་དེ་དག་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཁྱེན
168a5 ཏོ། ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་ལ་ཡོན་ཏན་དུ་བསྔགས་པ་དང་། གྲགས་པ་སྣ་ཚོགས་ཀྱི་གླུའི་སྤྲིན་རྒྱ་མཚོ་རབ་འཇམ་ཚིག་ཏུ་བརྗོད་པ་འམ་བསམས་ལ། འདི་ལྟ་བུའི་བསྟོད་པ་དཔེ་མེད
168a6 པ་ངེས་པར་སྒྲུབ་པར་བྱེད་པའི་རིག་པའི་རྒྱལ་མོ་འདི་ལན་བརྒྱད་བརྗོད་པར་བྱའོ། ། ན་མཿསརྦ་བུད་དྷ་བོ་དྷི་སཏྭཱ་ནཱཾ། སརྦ་ཏྲ་ས~ཾ་ཀུ་སུ་མི་ཏ་ཨཱ་བཱིཛཱ་རཱ་ཤི་ན་ནཱ་མོ་སྟ་ཏེ་སྭཱ་ཧཱ། དེ་ནས་དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ
168a7 ཡོན་ཏན་བསྔགས་པ་བརྗོད་པའི་སྤྲིན་གྱི་རྒྱ་མཚོ་རབ་ཏུ་འབྱུང་བར་འགྱུར་བ་དེ་ལྟ་བུར་ཡང་དད་པར་བྱའོ། ། དེའི་འོག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལུས་ཀྱི་སྤྲུལ་པའི་སྤྲིན་སེམས་ཅན་ཐམས་ཅད་ལ་དམིགས
168a8 པ་ལས་བྱུང་བ་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར་བ་དང་བདེ་བ་ཐམས་ཅད་མྱུར་དུ་སྩོལ་ཅིག་པ་དང་། ཡང་ན་སེམས་ཅན་ཐམས་ཅད་ཀྱི་ཟག་པ་མེད་པའི་དགེ་བ་འབྱུང་བའི་སྦྱོར་བ་ཡང་དག་པར་འབྱུང




iiif viewer powered by OpenSeadragon

167b - 168b

Texts on this page

Q134 - dam tshig gsum bkod pa'i rgyal po zhes bya ba'i rgyud