e-texts navigator
Collection
Volume
Page
Wylie

161b1 ཆོ་ག་ཞེས་བྱ་བའི་གཟུངས། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། གནོད་སྦྱིན་ཀྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་རྗེས་སུ་གནང་བ།། མཆེ་བ་གཙིགས་པ་དང་འཚམ་པ།། མིག་མེ
161b2 མདག་གི་ཕུང་པོ་འདྲག་དདུགས་མེ་ལྕེ་ལྟར་འབར་བ། ། འཇིགས་པའི་ངརོ་ཅན་ལག་པ་དང་རྐང་པ་ཀླུ་ནོར་རྒྱས་ཀྱི་བུས་བརྒྱན་པ་ཀླུན་ག་པོ་སེར་ལ་ཁང་ཐོགས་པ། ཀླུ་དགའ་བོ་དང་ཉེ་དགའ་བོ་བར་བས་རྣམ་བྱས་པ། སྦྲུལ་འབར་བ་རིན་པོ་ཆེ
161b3 ཅོད་པན་ཐོགས་པ། སྦྲུལ་གདུག་པ་འབར་བ་ཟ་བ། བཞིན་རྒྱས་པ། སྨིན་མ་དང་དཔྲལ་བ་བསྡུས་པ་ཡ་སོས་མ་མཆུ་མནན་པ། གཤིན་རྗེའི་ཆ་བྱད་ཅན། ལྕེ་གློག་ལྟར་འགྲུབ་གསུས་པོ་ཆེ་སྦྲུལ་ཟ་བ། ལག་པ་བརྡབས་པའི་སྒྲས་འཇིགས
161b4 པར་བྱེད་པ། ། ཀླུའི་རྒྱལ་པོ་འདབ་བཟངས་སྐ་རགས་སུ་བཅིངས་པ། ཨ་ལ་ལ་ཞེས་སྒྲོགས་པར་བྱེད་པ། རྒྱ་མཚོའི་ཐེབས་སུ་དཔག་ཚད་བརྒྱད་ཁྲི་ཡོད་པས་རྐང་པའི་པུས་མོར་ཕྱིན་པ་དབང་པོ་དང་ཉི་མ་ཕྲག་པ་ལ་ཁུར་བ། ཀླུ་ཐམས་ཅད
161b5 བརླག་པར་བྱེད་པ་གང་རྒྱངས་ཆེན་པོ་རྒོད་པས་ཀུན་ཏུ་འཁྲུག་པར་བྱེད་པ། གཤིན་རྗེའི་གཟུགས་ཅན་ཁམས་གསུམ་པ་འཇིགས་པར་བྱེད་པ་ཀླུ་རྣམས་འཆི་བར་བྱེད་པ་ལ་ཕྱག་འཚལ་ལོ།། དེ་ནས་སངས་རྒྱས་བཅོམ་ལྡན་འདས་གང
161b6 གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་གསུངས་པའི་རིག་སྔགས་འདི་བརྗོད་པར་བྱའོ། ། ཏདྱཐཱ། བྷོ་བྷོ་བཱ་ན་རཱ་ག་ཨ་དྷི་པ་ཏ་ཡེ། ཨིད་ན་ནཱི་ལཱ་བ་ར་དྷ་ར་ཤ་རཱི་རེ། བཛྲ་པཱ་ཎི་ཏྲི་ད་ཡཾ་ཡཿས་མཱ་ཏི་ཀཱ་མཱ་ཏི། ཨུད་སཱ་དན་བྷ་བི་ཤུདྷི། ཏདྱ་ཐཱ། བུད་དྷ་བུད་དྷ།
161b7 རྦུཙུ་བ~ཾ་བྲངྒ། མ་ཧི་པྲཱཥྚ། ཧ་ར་ཧ་ར་རཱ་ག་རཱ། པྲ་ཧ་ར་པྲ་ཏ་ར་ནཱ་ག་ནཱཾ། ཚིནྟི་ཚིནྡྷ་ནཱ་ག་ཧྲིད་ཡནི། བྷིནྡྷ་བིདྡྷ་རཱ་ག་ད་མཱ་ནི། བི་སི་མ་དྷ་ནཱ་ག་ཤ་རཱི་ར། བི་སྥོ་ཊ་ཡ། ནཱ་ག་ནཱ་ཡ་ནཱ་ནི། ཏདྱརྨཱ། ཧཱུཾ་ཕཊ། ནཱ་ག་བི་དཱ་ནཱ་ཡ་པཊ། རཱ་གགོད་ས་ད་རཱ་ཡ་ཕཊ།
161b8 ནཱ་ལཱ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་པ་ར་གྲ་མཱ་ཡ་ཕཊ། ཀྲི་ཏཱན་ཏ་ཡ་ཕཊ། ཀྲྀ་ཏཱན་ཏ་རཱུ་པ་ཡ་ཕཊ། རེ་ཤ་ཎ་ཡ་ཕཊ། ཏྲཱ་ས་ནཱ་ཡ་ཕཊ། ཀུ་སྨ་ཎ་ཌོད་ས་ད་ནཱ་ཡ་ཕཊ། པྲེ་ཏ་བི་ཤཱ་ཙ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཡཀྵ་ཨ་པ་སྨ་ར་བི་ནཱ་ཤ་ཀ་རཱ་ཡ་ཕཊ




iiif viewer powered by OpenSeadragon

161a - 162a

Texts on this page

Q132 - 'phags pa lag na rdo rje gos sngon po can gyi cho ga zhes bya ba'i gzungs