| | e-texts navigator
|
286b1 ལྡན་པ་བ.རོམ་ལྡན་འདས་སྟོན་པ་བརྟགས་པ་མཆོག་གི་མངའ་བདག་སྟེ། ཀུན་ཏུ་བཟང་པོའི་སྐུ་ཡིས་ནི།། འཇིག་རྟེན་གསུམ་གྱི་དཀྱིལ་འཁོར་སྤྲོས།། བཅོམ་ལྡན་རྡོར་འཛིན་ལེགས་པར་བཞུགས།། གསང་བ་བརྒྱན་གྱི་སྦྱོར་བས
286b2 སོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པར་བྱེད་པའི་ཡུམ་གསང་བའི་རྡོ་རྗེ་འདུས་པཐོབ་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་དང་ལྷན་ཅིག་ཏུ་དགའ་བའི་བདེ་བ་རྗེས་སུ་བྱུང་སྟེ་འཁོར་དང་བཅས་པ་རྣམས་བཅོམ
286b3 ལྡན་འདས་ཀྱི་སྤྱན་སྔར་ལྷགས་ཏེ། རྡོ་རྗེའི་གླུ་འདིས་མངོན་པར་བསྟོད་ནས་ཞུ་བ་ཞུས་པ། སངས་རྒྱས་ཀུན་དོར་ཁྱོད་ཕྱག་འཚལ། རྡོ་རྗེ་འབྱུང་བ་ཁྱོད་ལ་འདུད།། ཐུགས་ཀྱི་རིན་ཆེན་མཆོག་ཁྱོད་འདུད།། ཆོས་ཀྱི་བློ་གྲོས་ཁྱོད་ལ
286b4 འདུད།། ཆོས་རྣམས་ཀུན་མཆོག་ཁྱོད་ལ་འདུད།། སྣ་ཚོགས་དགོངས་པ་ཁྱོད་ལ་འདུད།། དམ་ཚིག་མཆོག་གིས་མཆོག་ཁྱོད་འདུད།། རྡོ་རྗེ་སེམས་དཔའ་ཕྱག་འཚལ་འདུད།། གྲགས་པ་ཆེན་པོ་བདག་བཅག་ནི།། མགོན་པོ
286b5 ཁྱོད་ལ་ཞུ་བ་ཞུ།། སངས་རྒྱས་ཐམས་ཅད་བསྐྱེད་བྱེད་ཡུམ།། དཀྱིལ་འཁོར་གྱི་ནི་དཀྱིལ་འཁོར་མཆོག། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཡུམ་རྣམས་ལ་འདི་སྐད
286b6 ཅེས་བཀའ་སྩལ་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་རྣམས་དེ་སྐད་མ་སྨྲ་ཅིག། འཇིག་རྟེན་ཐམས་ཅད་ལ་ཁྱབ་པའི་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་འདི་ལ་མ་འོངས་པའི་སེམས་ཅན་རྣམས་དད་པར་མི་འགྱུར་ཞིང
286b7 རང་གི་སེམས་ཡོངས་སུ་སུན་འབྱིན་ལ་དེས་མ་མཐོང་བའི་ཆོས་ལ་མ་དད་པས་རང་གི་སེམས་ཡང་དག་པར་སུན་ཕྱུར་ཏེ། མནར་མེད་པ་རྣམས་སུ་སྐྱེས་ནས་བསྐལ་པ་སྟོང་ཕྲག་མང་པོར་མནར་མེད་པའི་སྡུག་བསྔལ་རྗེས་སུ
286b8 འབྱུང་བར་འགྱུར་རོ།། དེ་རྒྱལ་ལ་མ་ན་མནར་མེད་པའི་སྡུག་བསྔལ་ལས་གྲོལ་ཏེ། མི་རྣམས་སུ་སྐྱེས་པར་གྱུར་ཀྱང་རྣམ་པར་འགྱུར་བའི་བཞིན་དུ་འགྱུར་རོ།། བརྗོད་ངེས་པ་རྣམས་དང་བློ་གྲོས་ཆུང་བ་རྣམས་དང་ཁྱི་དང་བྱ་རོག
iiif viewer powered by OpenSeadragon
286a - 287a