| | e-texts navigator
|
286a1 འགྱུར་བའི་གདོང་ཞེས་བྱ་བའི་རྡོ་རྗེ་བྲན་མོ་ཆེན་མོ་དང་། འཇིག་རྟེན་གསུམ་འཆིང་བ་ཞེས་བྱ་བའི་རྡོ་རྗེ་བྲན་མོ་ཆེན་མོ་དང་། བསྐལ་པར་གནས་པ་ཞེས་བྱ་བའི་ལ་སོགས་པའི་རྡོ་རྗེ་བྲན་མོ་ཆེན་མོའོ།། གཞན་ཡང་དཔེ་མེད
286a2 བའི་རྡོ་རྗེ་རོལ་པ་མོ་ཆེན་པོ་རྣམས་དང་ཡང་ཐབས་གཅིག་སྟེ། དེའང་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དགྱེས་པ་ཞེས་བྱ་བའི་རྡོ་རྗེ་རོལ་པ་མོ་ཆེན་མོ་དང་། ཀུན་ནས་འབེབས་པ་ཞེས
286a3 བའི་རྡོ་རྗེ་རོལ་པ་ཆེན་པོ་དང་། འཇིག་རྟེན་གསུམ་རབ་ཏུ་འཇོམས་པ་ཞེས་བྱ་བའི་རྡོ་རྗེ་རོལ་པ་ཆེན་མོ་དང་། རབ་དགའ་བའི་རྡོ་རྗེས་སུ་འགྲོ་བ་ཞེས་བྱ་བའི་རྡོ་རྗེ་རོལ་པ་ཆེན་མོ་དང་། ཐམས་ཅད་དགའ་བར་བྱེད་པ་ཞེས་བྱ་བ་ལ་སོགས
286a4 པའི་རྡོ་རྗེ་རོ་པ་ཆེན་པོ་ལ་སོགས་པའོ།། གཞན་ཡང་ནམ་མཁའི་ཁམས་ཐམས་ཅད་རྒྱས་པར་གང་བའི་རྡོ་རྗེའི་ཡབ་རྣམས་དང་ཡང་ཐབས་གཅིག་སྟེ། དེའང་འདི་ལྟ་སྟེ། འདོད་པའི་དབང་ཕྱུག་ཅེས་བྱ་བའི་རྡོ་རྗེའི་ཡབ་ཆེན
286a5 པོ་དང་ན་མཁའ་འགྲོ་ཡི་རྡོ་རྗེ་དབང་ཕྱུག་དང་དྲི་ཡི་དབང་ཕྱུག་དང་སྟུག་པོ་བཀོད་པ་དང་ཐབའི་དང་དུན་བསྲབ་དང་སྐྱེ་བོ་ཡོངས་སུ་དོར་བ་དང་། ལེགས་པར་སྦྱངས་པ་དང་འདོད་པའི་རྡོ་རྗེ་དང་། གདུང་པ་བསྐྱེད་པ་དང་འདུལ་བར་བྱེད་པ
286a6 དང་གདུག་པ་ཐམས་ཅད་སེལ་བར་བྱེད་པ་དང་དེ་ཁོ་ན་ཉིད་ཀྱི་མགོན་པོ་དང་གནས་པ་པོ་དང་རྩེ་བ་ཅན་དང་། ཆོས་འཆད་དང་སྐྱོང་བ་པོ་དང་སློབ་པོ་དང་འཆིང་བ་པོ་དང་སྐོར་བ་པོ་དང་དེ་དག་ལ་སོགས་པ་རྡོ་རྗེ་ཡ་ང་རྣམས་སོ།། གཞན
286a7 ཡང་མཐའ་ཡས་པའི་རྡོ་རྗེ་པོ་ཉ་མོ་འཕྲོག་པའི་རྡོ་རྗེ་བྲན་པོ་རྡོ་རྗེའི་ཚོགས་དང་ཐབས་ཅིག་སྟེ། དེའང་འདིས་སྟེ། རྡོ་རྗེ་རླུང་ཞེས་བྱ་བ་དང་རྡོ་རྗེ་མ་དང་རྡོ་རྗེ་མི་འཁྲུགས་པ་དང་རྡོ་རྗེ་ཆུ་དང་གཞན་ཡང་རྡོ་རྗེ་རྒྱམ་པོ་ཆེན་པོ་བཞིས
286a8 འདི་ལྟ་སྟེ། ཞི་བར་བྱེད་པ་དང་རྒྱས་པར་བྱེད་པ་དང་དབང་དུ་བྱེད་པ་དང་མི་ཤེས་པ་ཐམས་ཅད་ཟད་པར་བྱེད་པ་སྟེ་དེ་དག་ལ་སོགས་པའོ།། གཞན་ཡང་མཆོག་ཏུ་རྒྱ་ཆེན་པོ་སངས་རྒྱས་ཀྱི་ཡེ་ཤེས་རབ་ཏུ་གནས་པའི་མཆོད་པར
iiif viewer powered by OpenSeadragon
285b - 286b