e-texts navigator
Collection
Volume
Page
Wylie

285b1 རྡོ་རྗེ་བཙུན་མོ་དང་། ཉེ་བར་ཞི་བའི་བཞིན་རས་ཤེས་བྱ་བའི་རྡོ་རྗེ་བཙུན་མོ་དང་། གྱེན་དུ་ལྟ་བའི་བཞིན་རས་ཞེས་བྱ་བའི་རྡོ་རྗེ་བཙུན་མོ་དང་། ཟླ་མཚན་རྡོ་རྗེ་ཞེས་བྱ་བའི་རྡོ་རྗེ་བཙུན་མོ་དང་། བརྡའ་སྤྲོད་པ་མ་ཞེས་བྱ་བའི་རྡོ་རྗེ་བཙུན་མོ
285b2 དང་། འབྲི་བའི་སྒོ་ཞེས་བྱ་བའི་རྡོ་རྗེ་བཙུན་མོ་དང་། རོལ་པ་དང་ལྡན་པ་ཞེས་བྱ་བའི་རྡོ་རྗེ་བཙུན་མོ་དང་། འདོད་པའི་མཆོག་ཅེས་བྱ་བའི་རྡོ་རྗེ་བཙུན་མོ་དང་། དབང་ཕྱུག་གི་བདེ་བའི་སྒོ་ཞེས་བྱ་བའི་རྡོ་རྗེ་བཙུན་མོ་དང་། དམིགས་པའི་སྒོ
285b3 ཞེས་བྱ་བའི་རྡོ་རྗེ་བཙུན་མོ་དང་། ཟང་ལས་སྐྱེས་ཞེས་བྱ་བའི་རྡོ་རྗེ་བཙུན་མོ་ཏེ། དེ་དག་ལ་སོགས་པ་རྡོ་རྗེ་བཙུན་མོ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏོ།། གཞན་ཡང་དཔག་ཏུ་མེད་པའི་རྡོ་རྗེ་ཕོ་ཉ་མོ་ཆེན་པོ
285b4 རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ཡང་འདི་ལྟ་སྟེ། སྙིང་སྐུལ་བར་བྱེད་པ་ཞེས་བྱ་བའི་རྡོ་རྗེ་ཕོ་ཉ་མོ་ཆེན་མོ་དང་། གདུག་པ་ཐམས་ཅད་འགུག་པ་ཞེས་བྱ་བའི་རྡོ་རྗེ་ཕོ་ཉ་མོ་ཆེན་མོ་དང་། རྗེས་སུ་མཉེས་པ་ཞེས་བྱ་བའི
285b5 རྡོ་རྗེ་ཕོ་ཉ་མོ་ཆེན་མོ་དང་། ཁྲག་འགུགས་པ་ཞེས་བྱ་བའི་ཇི་རྗེ་པོ་ཉ་མོ་ཆེན་མོ་དང་། ཐམས་ཅད་འཕྲོག་པ་ཞེས་བྱ་བའི་རྡོ་རྗེ་ཕོ་ཉ་མོ་ཆེན་མོ་ལ་སོགས་པའོ།། གཞན་ཡང་འཇིག་རྟེན་གྱི་ཁམས་རྒྱས་པའི་རྡོ་རྗེ་སྒོ་སྲུངས་མ་ཆེན་མོ
285b6 རྣམས་དང་ཡང་ཐབས་གཅིག་སྟེ། དེའང་འདི་ལྟ་སྟེ། རྡོ་རྗེ་འབེབས་པ་ཞེས་བྱ་བའི་རྡོ་རྗེ་སྒོ་སྲུངས་མ་ཆེན་མོ་དང་། དམ་ཚིག་གསུམ་ལྡན་ཞེས་བྱ་བའི་རྡོ་རྗེ་སྒོ་སྲུངས་མ་ཆེན་མོ་དང་། འཇིག་པའི་ཡན་ལག་ཅན་ཞེས་བྱ་བའི
285b7 རྡོ་རྗེ་སྒོ་བསྲུངས་མ་ཆེན་མོ་དང་། ཐོག་མ་པ་ཞེས་བྱ་བའི་རྡོ་རྗེ་སྒོ་སྲུངས་མ་ཆེན་མོ་དང་། གདུལ་དཀལ་འདུལ་ཞེས་བྱ་བའི་རྡོ་རྗེ་སྒོ་སྲུངས་མ་ཆེན་མོ་ལ་སོགས་པའོ། ག། ཞན་ཡང་མི་མཉམ་པ་དང་མཉམ་པའི་རྡོ་རྗེ་བྲན་མོ་ཆེན་མོ་རྣམས་དང
285b8 ཡང་ཐབས་གཅིག་སྟེ། དེའང་འདི་ལྟ་སྟེ། སྐུ་གསུང་ཐུགས་ཐམས་ཅད་རྡོ་རྗེས་འཆིང་བ་མ་ཞེས་བྱ་བའི་རྡོ་རྗེ་བྲན་མོ་ཆེན་མོ་དང་། འཇིགས་པའི་མེའི་གདོང་ཞེས་བྱ་བའི་རྡོ་རྗེ་བྲན་མོ་ཆེན་མོ་དང་། གཙིགས་ཤིང་རྣམ་པར།།




iiif viewer powered by OpenSeadragon

285a - 286a

Texts on this page

Q122 - de bzhin gshegs pa thams cad kyi sku gsung thugs kyi gsang ba rgyan gyi bkod pa zhes bya ba'i rgyud kyi rgyal po