| | e-texts navigator
|
284a1 ཧཱུ~ཾ་ཊ་ཏ།། སྡིག་པ་གཞོམ་པའི་ཕྱག་རྒྱ་དང་སྔགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དངོས་གྲུབ་དམ་པ་རྡོ་རྗེ་འཛིན་ཆེན་པོ་དང་དེ་བཞིན་གཤེགས་པར་འགྱུར་རོ།། ལག་ན་རྡོ་རྗེ་འདི
284a2 ནི་སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ཀྱི་རྣ་ལམ་དུ་ཐོས་པར་མི་འགྱུར་རོ།། འདི་ནི་སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ཀྱིས་མཉན་པའམ། ཡི་གེར་བྲི་བའམ། ཡི་གེར་འབྲིར་གཞུག་པ་འམ། ཀློག་པ
284a3 འམ།། འཆང་བ་འམ། བསྒོམ་པ་འམ། སྟི་སྟང་དུ་བྱ་བ་འམ། རི་མོར་བྱ་བ་འམ། མཆོད་པར་མི་ནུས་སོ།། གང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཡི་གེ་འབྲུ་གཅིག
284a4 ཙམ་ཐོས་ན་ཡང་སེམས་ཅན་དེ་དག་ནི་གཞན་ན་སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པ་ཡིན་ན་མཐའ་དག་རྫོགས་པ་ལྟ་ཅི་སྤོས། ལག་ན་རྡོ་རྗེ་གང་ལ་ལ་དག་སངས་རྒྱས་བྱེ་བ་ཁྲག་ཁྲིག་གང་གཱའི་ཀླུང་གི་བྱེ
284a5 མ་བརྒྱད་བཅུའི་བྱེ་མ་སྙེད་ལ་བཀུར་སྟི་མ་བྱས་པ་དང་། བླ་མར་མ་བྱས་པ་དང་། སྟི་སྟང་མ་བྱས་པ་དང་། མཆོད་པར་མ་བྱས་པ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི་ཆོས་ཀྱི་རྣམ་གྲངས་འདི
284a6 ཐོས་པར་མི་ནུས་སོ།། ཆོས་ཀྱི་རྣམ་གྲངས་འདི་གང་ན་སྤྱོད་པའི་ས་ཕྱོགས་དེ་མཆོད་རྟེན་དུ་འགྱུར་རོ།། ཆོས་ཀྱི་རྣམ་གྲངས་འདི་གང་གི་ལུས་ལ་ཐོགས་སམ། གླེགས་བསལ་བྲིས་ཏེ་སྤྱོད་པའི་གང་ཟག་དེ་ཕྱག་བྱ
284a7 བའི་གནས་སུ་འགྱུར་རོ།། དེ་སྐལ་པ་བྱེ་བ་མང་པོར་སྐྱེ་བ་དྲན་པར་འགྱུར་རོ།། དེ་ལ་བཏུད་སྡིག་ཅན་བར་ཆད་བྱེད་པར་མི་འགྱུར་རོ།། རྒྱལ་པོ་ཆེན་པོ་བཞི་དང་། ལྷ་གཞན་རྣམས་ཀྱང་དེ་ལ་སྲུང་བ་དང་། སྒྲུབ་པ་དང་། སྦ་བའི་ཕྱིར
284a8 རྟག་ཏུ་ཕྱི་བཞིན་འབྲང་བར་འགྱུར་རོ།། ཡ་བ་མ་སྤངས་པས་འཆི་བར་མི་འགྱུར་རོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ།། མདོར་ན་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་འདོད་པ་དེ
iiif viewer powered by OpenSeadragon
283b - 284b