| | e-texts navigator
|
278b1 རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། ལུས་བདེ་བ་རྣམ་པར་དག་པའི་གནས་དེ་ནི་དེ་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། གཟུགས་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི
278b2 གནས་སོ།། སྒྲ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གན་སོ།། དྲི་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གན་སོ།། རོ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། རེག་རྣམ་པར་དག་པའི
278b3 གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གན་སོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཟད་ནི་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ།། ལག་ན་རྡོ་རྗེ་སུ་ལ་ལས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམ
278b4 བར་དག་པའི་སྒོ་སྒྲུབ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ལན་ཅིག་ཐོས་ན་ཡང་དེ་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་སྒྲིབ་པ་ཐམས་ཅད་དང་། མཆོད་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་ཆོས་ཀྱི་སྒྲིབ་པ་དང་ལས་ཀྱི་སྒྲིབ་པ་ཆེན་པོ་གསགས་ཀྱང་སེམས་ཅན་དམྱལ་བ་ལས་སོགས
278b5 བངན་སོང་དུ་རྣམ་ཀྱང་སྐྱེ་བར་མི་འགྱུར། སྡིག་པ་ཡང་བྱས་མ་ཐག་ཏུ་སྡུག་བསྔལ་མེད་པར་བྱང་བར་འགྱུར་རོ།། སུ་ཞིག་འཛིན་པ་དང་། ཉིན་རེ་ཞིང་ཀློག་པ་དང་།། ཁ་ཏོན་བྱེད་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དེར་ཚེ་འདི་ཉིད་ལ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་རྡོ་རྗེའི་ཏིང་ངེ་འཛིན
278b6 ཐོབས་ཆོས་ཐམས་ཅད་ལ་དབང་སྐུར་བར་འགྱུར་རོ།། ཆོས་ཐམས་ཅད་པ་དགའ་བ་དང་། བགུ་བ་དང་། མཆོག་ཏུ་དགའ་བ་མྱོང་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཆེན་པོའི་ཚེ་བཅུག་དྲུག་གིས་དེ་བཞིན་གཤེགས་པ་འལ། རྡོ་རྗེ་འཛིན་ཐོབ་པར་གྱུར་རོ།། ནས་བཅོམ་ལྡན
278b7 འདས་ལག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་པ། ཐེག་པ་ཆེན་པོ་མངོན་པར་རྟོགས་པ། དཀྱིལ་འཁོར་ཐམས་ཅད་ག་རྡོ་འཛིན་མཐའ་དག་གིས་སེམས་ཅན་གྱི་མཆོག་ཁམས་གསུམ་མལུས་པ་མཐའ་དག་ན་འཇིག་རྟེན་གསུམ་པོ་ཐབས་ཅད་ལས་རྣམ་པར་རྒྱལ་པ། སེམས་ཅན་གྱི་ཁམས
278b8 གུ་ལ་མེད་པར་འདུལ་བ། དོན་ཐམས་ཅད་གྲུབ་པ། དམ་ཚིག་ཆེན་པོ་པ་རྡོ་རྗེ་གསང་བའི་སེམས་ཅན་ཆེན་པོ་དུ་མས་གཡོག་བྱས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་དོན་འདི་སྟོན་ཏེ། བཞིན་རབ་ཏུ་འཛུམ་ནི་པ་ལག་པ་གཡོན་པ་རྡོ་སྐྱིད་ཏེ་ཐོག་པའི་རྡོ་ཆེན་པོ་གསོར།
iiif viewer powered by OpenSeadragon
278a - 279a