| | e-texts navigator
|
278a1 སེམས་དཔའ་སེམས་དཔའ་ཆེན་པོ་བདུད་ཀྱི་སྟོབས་ཐབས་ཅད་རབ་དུ་འཇོབས་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱ་བ་ཕྲག་བརྒྱ་དང་ཐབས་ཅིག་སྟེ། ཡོངས་སུ་བསྐོར་ཅིང་མདུན་གྱིས་ལྷས་ནས་ཆོས་སྟོན་ཏེ། ཤེས་རབ
278a2 ཀྱིཕ་རོལ་ཏུ་ཕྱིན་པའི་ཚུལ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམ་པར་དག་པའི་སྒོ་ཞེས་བྱ་བ་ཐོག་མར་དགེ་བ། བར་དུ་དགེ་བ་ཐ་མར་དགེ་བ། དོན་བཟང་པོ་ཚིག་འབྲུ་བཟང་པོ།། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཡང་དག་པར
278a3 སྟོན་ཏེ། འདི་ལྟ་དུ་དགའ་བ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། འདོད་ཆགས་ཀྱི་མཐའ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། རིག་པ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ
278a4 སེམས་དཔའི་གནས་སོ།། མཚན་མ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། དེས་ན་འདོད་ཆགས་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། ཞེ་སྡང་རྣམ་པར་དག་པའི་གནས་དེ་ནི་ལྟ་སྟེ།
278a5 བྱང་ཆུབ་སེམས་དཔའི་གནས་སོ།། གཏི་མུག་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། ང་རྒྱལ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། ཕྲག་ཏོག་རྣམ་པར་དག་ཤིན་དེ་ནི་འདི་ལྟ་སྟེ། བྱང་ཆུབ
278a6 སེམས་དཔའི་གནས་སོ།། སྡུག་པའི་འཆིང་བའི་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། ཐམས་ཅད་ལ་དབང་ཕྱུག་དང་། དབང་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། ལྟ་བ་རྣམ་པར
278a7 དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། དགའ་བ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། སྲེད་པ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། སྙེམས་པ
278a8 རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གན་སོ།། རྒྱན་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གན་མོ།། ཡིད་ཚིམ་པར་བྱེད་པ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། སྣང་བ
iiif viewer powered by OpenSeadragon
277b - 278b