| | e-texts navigator
|
266b1 གཞལ་དུ་མེད་པ། བླ་ན་མེད་པ་དོན་ཡོད་ཅིང་ཐོགས་པ་མེད་པའི་མཆོག་ཏུ་གསང་བའི་སྙིང་པོ་མཆོག་ཏུ་གསང་བ་ཞེས་བྱ་བ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ཆེན་པོའི་བདག་པོ་ཉིད་ལ་སོགས་པའི་དངོས་གྲུབ་ཐམས
266b2 ཅད་ཀྱི་ལས་ཀྱི་ཚོགས་མཆོག་ཏུ་མི་འགྱུར་བའི་དམ་པ་བླ་ན་མེད་པའི་གསང་བ་དང་། རབ་ཏུ་དགའ་བའི་ཐམས་ཅད་དང་། བདེ་བ་དང་ཡིད་བདེ་བའི་དངོས་གྲུབ་ཀྱི་མཆོག་གྲུབ་པར་བྱེད་པ་དང་། མཆོག་གི་ཕྱག་རྒྱའི
266b3 རྒྱུད་བཤད་པར་བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། ཙུམ་བྷ་ནས་འཁྱུད་པ་ལ་སོགས་པའི་བཅོམ་ལྡན་འདས་མཆོག་དང་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཐམས་ཅད་ནི་དགའ་བ་ཆེན་པོ་དཔལ་རྡོ།
266b4 རྗེ་དོན་ཡོད་པའི་དགའ་བའི་དམ་ཚིག་རྣལ་འབྱོར་ཞེས་བྱ་བ་སྟེ་ཐམས་ཅད་རྣལ་འབྱོར་ཞེས་བྱ་བར་གང་བརྗོད་པའོ།། དེ་གང་དང་གང་ལ་ཉེ་བར་སྦྱོར་བ་དེ་དང་དེར་བཅོམ་ལྡན་འདས་ནི། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི།།
266b5 དབང་ཕྱུག་ཆེན་པོ་ལྷག་པའི་ལྷ།། བྱིན་བརླབས་མཆོག་ནི་རྟག་མཛད་ནས།། རྡོ་རྗེ་སེམས་དཔའ་མྱུར་དུ་གྲུབ།། ཙུམ་བྷ་ན་འཁྱུད་པ་ལ་སོགས་པའི་རེག་བྱའི་རྒྱ་བཏབ་པ་ཙམ་གྱིས་ཀྱང་མ་ལུས་ཤིང་ལུས་པ་མེད་པ་དང
266b6 ལྷག་མ་མེད་པ་ཐམས་ཅད་ཀྱི་མཆོག་དབང་ཕྱུག་ཆེན་པོའི་བདག་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལུས་ཀྱི་ཚོགས་ཡིད་ཀྱི་འདོད་པ་གྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ཤིན་ཏུ་མཆོག་ཏུ་གསང་བའི་ཕྱག་རྒྱའོ།།
266b7 རྣམ་པར་འཕྲུལ་པ་དང་བཅས་པའི་འཛུམ་ཞིང་གཡོ་བའི་མིག་གི་ཟུར་གྱིས་ལྟ་བའི་ཕྱག་རྒྱ་སྟེ། བཅོམ་ལྡན་འདས་ཀྱི་དགའ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་མདའ་ཞེས་བྱ་བས་རྒྱས་བཏབ་པས་ཐམས་ཅད་རྗེས་སུ་ཆགས་པ
266b8 དང་། དགུག་པ་དང་། དབང་དུ་བྱ་བ་དང་། དངོས་གྲུབ་མཆོག་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལུས་ཀྱི་ཚོགས་ཡིད་ཀྱི་འདོད་པ་རྣམས་སྒྲུབ་པར་བྱེད་པའོ།། འདུམ་ཞིང་ཅུང་ཟད་ཕྱེ་བའི་མིག་གིས་ལྟ་བ་ནི་མཆོག་ཏུ
iiif viewer powered by OpenSeadragon
266a - 267a