e-texts navigator
Collection
Volume
Page
Wylie

189b1 ག་ཨི་མདངས་ཅན་ཟླ་བའི་དཀྱིལ་འཁོར་གྱི་འོད་ལྟ་བུ་པད་མའི་མདའ་ལ་སོགས་པ་ཡོངས་སུ་འཛིན་པ་དེ་བཞིན་གཤེགས་པའི་དབང་བསྐུར་བ་དང་རལ་པའི་ཅོད་པན་དང་ན་བཟའ་དམར་པོ་འཆང་བ་དང་པད་མ་ཆེན་པོའི
189b2 སེམས་དཔའ་རྣམས་བྱུང་ནས་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་བཞུགས་སོ།། བཅོམ་ལྡན་འདས་ཞལ་རབ་ཏུ་བཞད་པས་གཡས་པས་རྡོ་རྗེ་གཡོན་པས་པད་མ་འཛིན་ཅིང་དེ་བཞིན་དུ་རྡོ་རྗེ་བསྙེམས་པས་རྡོ་རྗེ་དཀྱིལ་མོ་དཀྲུང་གིས
189b3 བཞུགས་སོ།། དེ་ནས་དཀྱིལ་འཁོར་ནི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི།། དཀྱིལ་འཁོར་ཐམས་ཅད་ཐིག་གདབ་བོ།། རྡོ་རྗེ་འཇིག་རྟེན་དབང་ཕྱུག་གཞག། པད་མའི་མཚན་མའི་ཚོགས་རྣམས་བྲི།། དེ་ནས་རྡོ་རྗེ་པད་མས་ཞུགས
189b4 ལ་འཛུབ་མོའི་ལྕགས་ཀྱུ་གཉིས་ཀྱིས་དགུག་པར་བྱའོ།། ཨོཾ་ཧྲིཿམ་ཧཱ་སུ་ཁ་བཛྲ་ཨ་ལོ་ཀི་ཤྭ་རཱ་ཡ་མེ། ཨཱ་ཨཱ་ཧེ་པྲ་བེ་ཤ་དྷི་དྷི་མེ་བྷ་བ་སིད་དྷི་མ་མེར་མུ་ཏཱ་བཱ་དེ་ཛཿཧཱུཾ་བཾ་ཧོཿ། དེ་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང
189b5 བྷག་བྱོན་ཏེ་མཆོག་ཐམས་ཅད་སྩོལ་བར་འགྱུར་རོ།། སྣང་བའི་མཚན་མ་འབྱུང་བར་འགྱུར་རོ།། ཆོ་ག་རྒྱས་པ་ཐམས་ཅད་དང་བསྒྲུབ་པ་དང་དངོས་གྲུབ་ཐམས་ཅད་ཀྱང་དེ་བཞིན་ནོ།། མ་བསྒྲུབས་ཀྱང་ལན་ཅིག་བཟླས་པས་ཐམས
189b6 ཅད་བྱེད་དོ།། སྒྲིབ་པ་ཐམས་ཅད་སྦྱང་བ་ལ་ནི་པད་མ་ཆེན་པོས་སོ།། ཐམས་ཅད་བསྲུང་བ་ལ་ནི་པད་མའི་གཙུག་ཏོར་གྱིས་སོ།། ཐམས་ཅད་རྗེས་སུ་ཆགས་པ་ལ་ནི་པད་མ་ལ་བལྟ་བས་སོ།། ཐམས་ཅད་དག་པའི་ཏིང་ངེ་འཛིན
189b7 ཐོབ་པ་ལ་ནི་པད་མཁའ་བྱེད་པས་སོ།། བུད་མེད་ཐམས་ཅད་དབང་དུ་བྱ་བ་ལ་ནི་པད་མ་ཆེན་པོའི་འདོད་ཆགས་ཀྱིས་སོ།། སྐྱེས་པ་ཐམས་ཅད་དབང་དུ་བྱ་བ་ལ་ནི་པད་མ་ཆེན་པོའི་དབང་ཕྱུག་གིས་སོ།། རྨི་ལམ་གདབ་པ་ལ་ནི
189b8 པད་མ་ཆེན་པོ་དམར་པོས་སོ།། བཅོམ་ལྡན་འདས་ཀྱིས་མཆོག་ཐོབ་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་པདམ་རྨོངས་པ་མེད་པས་སོ།། བདེ་བ་ཆེན་པོ་པ་དམ་གསང་བ་ལས་བདེ་བ་ཆེན་པོ་པད་མའི་རིགས་ཀྱི་ཆོ་ག་རྒྱས་པའོ།།




iiif viewer powered by OpenSeadragon

189a - 190a

Texts on this page

Q120 - dpal mchog dang po'i sngags kyi rtog pa'i dum bu zhes bya ba