e-texts navigator
Collection
Volume
Page
Wylie

166b1 མཚོན་གྱིས་ཉེས་པས་མི་གོས་ཏེ།། འདམ་གྱི་ནང་ན་དག་པར་ལྟར།། འདོད་ཆགས་ཞེ་སྡང་སྩོགས་དེ་བཞིན།། དེ་ལྟར་ཆོས་རྣམས་བསྒོམས་ན་ནི།། བློ་ལྡན་ཉོན་མོངས་བཅས་གྱུར་ཀྱང་།། ཉོན་མོངས་ཀུན་ལས་རྣམ་གྲོལ
166b2 ནས། འགྱུར་དུ་སངས་རྒྱས་ཉིད་ཐོབ་འགྱུར།། ཞེས་བྱ་བའི་ཏིང་ངེ་འཛིན་འདི་ལ་གཟིགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་ཉིད་ཐོབ་པར་འགྱུར་ཏེ། དེ་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག།
166b3 ཅེས་མཚན་བཏགས་སོ།། དེ་ནས་བརྩམས་ཏེ་བདག་ཉིད་ཀྱི་དངོས་པོ་ཐམས་ཅད་ཤིན་ཏུ་ཡོངས་སུ་དག་པ་དང་བཀྲ་ཤིས་ཤིང་དངོས་གྲུབ་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་རྗེས་སུ་མྱོང་བར་འགྱུར་ཞིང་།། མྱུར་དུ་སངས་རྒྱས་ཉིད
166b4 འཐོབ་པར་འགྱུར་ཏེ། སློབ་མ་བཞུག་པའི་ཆོ་ག་རྒྱས་པ་ཡང་དེ་བཞིན་ནོ།། ཡེ་ཤེས་ཀྱི་དཀྱིལ་འཁོར་རོ།། བསྒྲུབ་པ་ལ་ནི་དེ་བཞིན་དུ་རས་ཀྱི་རིམོ་གཉིས་ཀྱིས་དངོས་གྲུབ་ཐམས་ཅད་འཐོབ་པར་འགྱུར་རོ།། དེ་ནས་མ་བསྒྲུབས
166b5 ཀྱང་ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི་པད་མ་ལ་ལན་སྟོང་བཟླས་ཏེ་སྦྱིན་པར་བྱའོ།། ཐམས་ཅད་གསང་བ་ལ་ནི་པད་མ་ཆེན་པོའི་ཁྲོ་བོའི་ཕྱག་རྒྱས་སོ།། ཐམས་ཅད་རྨོངས་པར་བྱ་བ་ལ་ནི་པད་མ་ཆེན་པོ་ཕག་གིས་སོ།།
166b6 ཉོན་མོངས་པ་ཐམས་ཅད་རྣམ་པར་དག་པར་བྱ་བ་ལ་ནི་པད་མ་ཆེན་པོ་རྣམ་པར་གཟིགས་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱས་སོ།། ས་ཐམས་ཅད་ཀྱི་བདག་པོ་ཉིད་དུ་བྱ་བ་ལ་ནི་ས་ལ་དཀྱིལ་མོ་དཀྲུང་བཅས་པས་བཟླས་བརྗོད
166b7 འབུམ་བྱས་ནས་མཐར་མཚན་མོ་ཐོག་ཐག་བཟླས་བརྗོད་བྱའོ།། ཆུ་ཐམས་ཅད་དབབ་པ་ལ་ནི་ཀླུ་བྲིས་ནས་དེའི་སྟེང་དུ་འདུག་སྟེ། བཟླས་བརྗོད་འབུམ་བྱའོ།། ཐམས་ཅད་སྣང་བར་བྱ་བ་ལ་ནི་མུན་པར་ཉི་མ་ཆེན་པོའི་འོད་ཀྱིས
166b8 སོ།། རླུང་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་ལ་ནི། པད་མ་ཆེན་པོ་རླུང་གི་མཆོག་གིས་སོ།། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། ཉོན་མོངས་པ




iiif viewer powered by OpenSeadragon

166a - 167a

Texts on this page

Q119 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po