e-texts navigator
Collection
Volume
Page
Wylie

158a1 ལྷ་དང་དྲང་སྲོང་གིས་བཤད་པའི།། རིགས་སྔགས་སླུ་བ་མི་སྲིད་ན།། འདོད་ཆགས་བྲལ་བ་བཤད་པ་ཡི།། གསང་སྔགས་སྦྱོར་བས་སླུ་བ་ནི།། མ་བྱུང་འབྱུང་བར་མི་འགྱུར་རོ།། ཆོས་ཉིད་བས
158a2 ཀྱིས་མི་ཁྱབ་པས། ། དོན་ལ་ཐེ་ཚོམ་མེད་པ་ཡི།། མཁས་པ་ལ་ནི་དངོས་གྲུབ་ཉེ།། ཡང་ན་བླུན་པོ་དད་པ་བརྟན།། དེ་ལ་སྦྱོར་བ་དངོས་གྲུབ་ཉེ།། རྟོག་ཅིང་དཔྱོད་པའི་རྟོག་གེ་བ།། དེ་ལ་སྦྱོར་བའི་དངོས་གྲུ་ང། བླངས་མན།
158a3 ངག་བསྟན་བྱས་ཀྱང་། སློབ་མ་ཡིད་གཉིས་ཡོད་པ་ན།། དེ་ལ་དངོས་གྲུབ་རིང་བར་བཤད།། ཐ་མས་མན་ངག་མ་བྱིན་ཀྱང་།། སློབ་མ་ཡིད་གཉིས་མི་ཟ་ཞིང་།། བླ་མའི་མན་ངག་དམ་པ་ཞེས།། གཅེས་པར་བྱས
158a4 ན་འགྲུབ་པར་ངེས། ། དེ་ཡི་ཕྱིར་ན་སྔགས་པ་ཡིས།། རང་གི་ཡིད་གཉིས་སྤང་བའི་ཕྱིར།། བླ་མ་མཉེས་པར་བྱ་བ་གཅེས།། བསྙེན་བཀུར་བྱས་ན་ནུས་མཐུ་ཆེ།། གསང་སྟེ་བརྗོད་པས་བར་ཆད་མེད།། ཡོན་ཆེན་ཕུལ
158a5 བར་བྱས་པས་ནི། ། རང་སེམས་རིན་ཆེན་རྣམ་གཉིས་འགྱུར།། རིན་ཆེན་གཉིས་ལས་གྲུབ་པ་འབྱུང་།། དཀོན་པར་གྱུར་ན་བསྔགས་པ་བརྗོད།། བསྔགས་ན་ཡོན་ཏན་འབྱུང་འགྱུར་ཏེ།། བསྔགས་པ་དག་ནི་མ་བྱས་ན།།
158a6 ཇི་ལྟར་ཡིད་བཞིན་ནོར་བུ་ཡང་།། གང་གིས་བསྔགས་པ་མ་བྱས་པ།། དེ་ལ་འདོད་དོན་མི་སྟེར་རོ།། དད་པ་སངས་རྒྱས་དད་པ་ཆོས།། དད་པ་དགེ་འདུན་དད་པ་མ།། དད་པ་བླ་མ་དད་པ་པ།། དད་པ་ལམ་ཆེན་དད་པ་གྲུ།།
158a7 ད་པ་ཡིད་བཞིན་ནོར་བུ་སྟེ།། དད་པ་གསང་སྔགས་དངོས་གྲུབ་ཉིད།། དད་པ་བསོད་ནམས་ནོར་ཡིན་ཏེ།། དེ་ཡི་ཕྱིར་ན་སྔགས་པ་ཡིས།། རང་སེམས་དད་པ་བསྐྱེད་པའི་ཕྱིར།། གཞན་ལ་གུས་པས་མཆོག་ཏུ་བཀུར།།
158a8 དཔལ་གཤིན་རྗེ་ནག་པོའི་འཁོར་ལོ་བསྐོར་བའི་ཆོ་ག་ལས།། ལས་ཀྱི་རྒྱུད་དང་གྲོགས་བསྟན་པའི་ཏོ། གསུམ་པའོ།། དཔལ་གཤིན་རྗེ་གཤེད་ནག་པོའི་རྒྱུད་རྟོག་པ་གསུམ་པ་རྫོགས་སྷོ།། །། དེ་ནས་ཡང




iiif viewer powered by OpenSeadragon

157b - 158b

Texts on this page

Q107 - dpal gshin rje'i gshed nag po'i rgyud kyi rgyal po rtog pa gsum pa zhes bya ba
Q108 - gtam rgyud kyi rtog pa