| | e-texts navigator
|
157b1 གསུམ་བཞག། རྩེ་མ་འཚནི་ཐུག་པ་ས།། དབུས་མའི་ཆེནི་བདུད་རྩ་ཡིན།། རྩ་བ་ཚནི་དོ་བར་བྱ།། འདི་རྣམསས་སང་སྙན་པན།། ཐ་མར་འབྲས་ཐུ་གསམ་གྱིས་།། བྱ་ལའི་སྐར་ཆད་དང་སྦྱར།། མ་སྦྱ་ན་ཡང་།
157b2 ཉེས་པ་མེད།། ཚོགས་པར་སྟེན་ན་བཟང་བར་བཤད།། རེ་རེ་བསྟེན་ཡང་ཉེས་པ་མེད།། འཇམ་དཔལ་གྱི་རྟོག་པ་ལས་དམ་རྫས་སྨན་དུ་སྦྱར་ཏེ་བསྟེན་པའི་ཆོ་གའི་རྟོག་པ་སྟེ་གཉིས་པའོ།། དེ་ནས་གཞན་ཡང་བཤད་པ་ནི།།
157b3 ལས་ཀྱི་གྲོགས་ཀྱི་བྱེ་བྲག་སྟེ།། ཞི་བའི་ལས་ནི་ཟླ་བ་ཡིན།། རྒྱས་པ་དེ་བཞིན་མིག་དུ་སྦགས།། དབྱེ་བ་ཡོན་ཏན་ཞེས་བྱ་སྟེ།། དབང་དུ་བྱ་བ་རིག་བྱེད་ཡིན།། དཀྲུག་པ་ལ་ནི་དེ་བཞིན་མདའ།། བསྐྲད་དང་གནན་པ་དབང
157b4 བཞིན། ། མནན་པ་རྗེས་སུ་འབྲང་བ་ཡི།། གསད་པའི་ལས་ནི་རྒྱ་མཚོར་འདོད།། ལས་རྣམས་དེ་དག་རེ་རེ་ཡང་།། འཕགས་སྩོགས་མཆོད་སྦྱིན་དང་པོ་སྟེ།། ཉི་མ་གཉིས་པ་གཏོར་མ་སྦྱིན།། གསུམ་པཟླས་པ་རྣམ
157b5 པར་འབད། ། བཞི་པ་སྦྱིན་སྲེག་ཚང་བར་བྱ།། ལྔ་པ་ལས་ཀྱི་འཁོར་ལོ་སྐོར།། དྲུག་པ་བསམ་གཏན་རྩེ་གཅིག་བྱ།། བདུན་པ་ལས་ཀྱི་ལྷག་ཆད་བསྐར།། གྲོགས་ཀྱི་ལས་ལས་ཁྱད་པར་དུ།། ལས་ཀྱི་གཙོར་ན
157b6 གང་བསྲུབ་དེའི། ། འཁོར་ལོ་སྐོར་བ་ཉི་མ་བཞིན།། ལས་ཀྱི་བྱེ་བྲག་འདི་ཤེས་ན།། ཞི་བས་འཇིགས་བརྒྱད་ལས་སྐྱོབ།། རྒྱས་པས་ཡོན་ཏན་དྲུག་དང་སྦྱོར།། དབང་གིས་མོས་པ་རྣམ་བཞི་བསྒྱུར།། དབྱེ་བས
157b7 གསང་སྡེ་བརྒྱད་དང་འབྱེད། ། གནན་པ་དབང་པོ་དྲུག་འཆང་སྟེ།། གཞན་ནི་ཇི་ལྟར་དེ་བཞིན་ནོ།། སྔགས་དང་རྫས་ཀྱི་སྦྱོར་བ་ལ།། དཔྱད་ན་དངོས་གྲུབ་མི་འགྲུབ་སྟེ།། གལ་ཏེ་ཡིད་གཉིས་ཟ་གྱུར་ཏམ།
157b8 བསམ་པར་གྱུར་རམ་དད་པ་ཉམས།། དེ་ཚེ་དངོས་གྲུབ་ཉེ་བ་ཡང་།། ཕྱིར་ལྡོག་འགྱུར་བར་གདོན་མི་ཟ།། དད་པ་བརྟན་པས་བསྒྲུབ་པ་ན།། ནམ་མཁའ་མེད་པར་གྱུར་ན་ཡང་།། སྔགས་ཀྱི་དངོས་གྲུབ་མེད་མི་སྲིད།།
iiif viewer powered by OpenSeadragon
157a - 158a