e-texts navigator
Collection
Volume
Page
Wylie

157a1 བསད་བཞིན། ། འཁོར་ལོ་སྔོ་བ་མ་བྱས་ན།། ཆོ་ག་དག་ནི་ཉམས་པར་འགྱུར།། རྒྱུ་ཡིན་པ་དང་སྦྱོར་བ་དང་།། དད་པས་བསྟན་པས་འགྲུབ་པར་འགྱུར།། དེ་བས་ནན་ཏན་བསྐྱེད་དེ་བྱ།། དཔལ་གཤིན་རྗེ་ནག
157a2 པོའི་འཁོར་ལོ་བྲི་བའི་ཆོ་ག་རྒྱས་པའི་རྟོག་པ་སྟེ་དང་པོའོ། ། །། དེ་ནས་གཞན་ཡང་བཤད་བྱ་བ།། སྔགས་པས་རྟག་ཏུ་བསྟེན་པ་ནི།། རུ་སྦལ་འོ་མ་ཞེས་བྱ་དང་།། དེ་བཞིན་འོད་ཀྱི་ལོ་མ་དང་།།
157a3 འཇིམ་པ་སྐམ་པོ་ཉིད་དང་ནི།། དེ་བཞིན་མེ་ཡི་ཁུ་བ་དང་།། སྒྲ་བརྙན་གྱི་ནི་རྫས་དག་སྟེ།། འདི་རྣམས་རྟག་དུ་སྤྱད་ན་ནི།། རང་བཞིན་གྱི་ནི་ནད་མེད་ཅིང་།། ཚེ་རིང་དབང་པོ་རྒྱས་པ་དང་།། རྟག་དུ་ལང་མཆོ་དར་ལ
157a4 བབ། ། ལྷ་རྣམས་ཀུན་གྱིས་བྱིན་གྱིས་རློབ།། འདི་ལ་དཔྱད་པ་མི་བྱ་སྟེ།། མཐུ་དང་ངོ་བོ་ཉིད་ཀྱིས་འགྲུབ།། ཏིང་འཛིན་སྔགས་ཀྱིས་བྱིན་རླབས་ན།། ལས་ཀྱི་རྣམ་སྨིན་སྤྱོད་པར་བྱེད།། རིག་པ་འཛིན་པའི་སལ
157a5 གནས། ། དེ་ཕྱིར་ཆོ་ག་བཞིན་དུ་བསྟན།། ཚེས་གཅིག་སྐྱ་རེངས་ཤར་ཙམ་ན།། སྣོད་མ་རེག་ལ་རུ་སྦལ་ཞོ།། དྲོད་མ་ཡལ་བར་བཏུང་བར་བྱ།། ཡང་ན་ཉི་མའི་སྦུ་གུས་བཏུང་།། མར་གྱི་ངོ་ཡི་ཚེས་གཅིག་ལ།།
157a6 འོད་ཀྱིས་ལོམ་བཙིར་ནས་ནི།། དེ་ཉིད་ནས་ནི་གཟུང་ནས་ཀྱང་།། ཞག་གསུམ་སྐྱ་རེངས་ཤར་བ་ན།། ལོ་མ་དེ་བཅད་བཟའ་བར་བྱ།། ཡང་ན་ཉི་མའི་སྦུ་གུས་བྱ།། འཇིམ་པ་བཟང་པོ་སྦྱར་ནས་ནི།། ཞག་གསུམ་ཆུ་ཡི།
157a7 ནང་དུ་སྤང་།། དེ་བླངས་ནས་ནི་ཡང་སྐམས་ནས།། ཕྱེ་མ་བྱི་ལའི་སླར་ཆད་རེ།། བ་ཡི་འོ་མ་དང་སྦྱར་ནས།། སྔགས་པས་རྟག་ཏུ་བཏུང་བར་བྱ།། མེ་ཡི་སྡོང་པོ་སར་པ་ནི།། ས་ཡི་མར་གྱིས་དྲིལ་ནས་ནི།། ཁ་སྦྱར་སྣོད་དང
157a8 རབ་ལྡན་ནས། ། མེ་ཆུས་ཡིས་ནི་བཙིར་ནས་ནི།། ཆུང་ངམ་ཉི་མའི་སྦུ་གུས་བཏུང་།། ལན་ཚྭ་བྲལ་བའི་སྒྲ་ལས་ནི།། ཞག་གསུམ་བབྱིངས་པའི་སྒྲ་བརྙན་རྫས།། ནམ་གྱི་གུང་ལ་སྔགས་པ་བླང་།། ཆུ་གསུམ་སྟོད་དུ་ནག




iiif viewer powered by OpenSeadragon

156b - 157b

Texts on this page

Q107 - dpal gshin rje'i gshed nag po'i rgyud kyi rgyal po rtog pa gsum pa zhes bya ba