| | e-texts navigator
|
156a1 ལས་ཀྱི་འོད་ཟེར་ནི། ། ཞི་བཆུས་ཏེ་རྒྱས་པ་ས།། དབང་ནི་རླུང་སྟེ་དྲག་པོ་མེ།། དབྱེ་དགུག་བསྲད་པ་དབང་དང་འཐུན།། གནན་པ་དག་ནི་རྒྱས་པ་བཞིན།། དྲང་བའི་སྦྱོར་བ་བྱས་ནས་ནི།། བསྲ་བའི་སྦྱོར་བ་བརྩམ
156a2 པར་བྱ། ། གཉིས་མེད་སྔགས་དང་ལྡན་པ་ཡིས།། དབུས་ཀྱི་བཀྲ་ཤིས་ཡི་གེ་ཡ།། ཟླ་ལྟར་འོད་ཀྱི་གོང་བུར་བྱ།། འོད་ཀྱི་གོང་བུ་དེ་ནང་དུ།། འདོད་པའི་སྒྲུབ་བྱ་གཞག་པར་བྱ།། དེ་དཀྱིལ་རང་མིང་དང་པོར་བཞག། ཕྱོགས་ཀྱི
156a3 ཁྱིམ་ན་གནས་པ་ཡི། ། ཡི་གེ་གཟུང་བ་ཐམས་ཅད་ཀྱང་།། དེ་ཚེ་འོད་ཀྱི་གོང་བུར་བྱ།། སྔགས་ཀྱི་རྒྱལ་པོ་བཅུ་པ་ཡང་།། བཅུ་གཉིས་ཁྱིམ་དུ་སྤྲུལ་ཏེ་བྲི།། བྱིན་རློབ་ཧཱུཾ་ཞེས་བྱ་བ་ཡང་།། ཁང་པ་བཞི་བཟུང་རེ་མཛེས།།
156a4 ཡོངས་སུ་དག་པར་བཀོད་བྱས་ནས།། མཆོད་དང་གཏོར་མ་བྱས་ནས་ནི།། སྤོ་བ་དག་ནི་བརྩམ་པར་བྱ།། ལས་ཀྱི་དབྱེ་བ་ཇི་ལྟ་བར།། འཁོར་ལོའི་རས་ནི་བླང་བྱ་སྟེ།། ཞི་བ་དང་ནི་རྒྱས་པ་ལ།། ཤིན་ཏུ་དགེ་བའི
156a5 རས་ལ་བྱ། ། དབང་དང་དགུག་ལ་སྨད་འཚེང་སོགས།། གསད་དང་བྱེ་དང་བཕྲད་པ་དང་།། གནན་པ་ལནི་དུར་ཟད་ངས།། གི་ཝང་གུར་གྲམ་ནི་རྒྱས་ལ།། དབང་དང་དགྲག་ལ་ཙན་དན་དམར།། གནན་པ་ལ་ནི་ལྡོང་རོས
156a6 སོགས། ། བསྐྲང་ལ་བྱ་རོག་ཁྲག་གིས་ཏེ།། དབྱེལ་ལྷ་དང་མ་ཧེ་སོགས།། གསང་ལ་དུག་ལ་སོགས་པས་ཟི།། དགེ་བའི་རས་ལ་བཟང་པོའི་ཤིང་།། དགེ་མིན་ལ་ནི་རུས་པ་ཡང་།། ལྕགས་ལ་སོགས་པས་བྲི་བར་བྱ།། ཞི་བ
156a7 ཤར་ལྷ་དབང་ལ་ནུག། ། རྒྱས་པ་བྱུང་སྟེ། དྲག་པོ་ལོ།། གཞན་ཡང་སྤྱི་རིགས་སྦྱར་བར་བྱ།། ནི་རྒྱས་དབང་དང་དགུག་པ་ལ།། ས་སྐོར་རིམ་བཞིན་དགོད་བྱས་ཏེ།། གནམ་སྐོར་དག་ནི་རིམ་ལས་ཟློག། གསད་བ་སྲད
156a8 དབྱེ་དང་གནན་པ་ལ། ། ས་སྐོར་རིམ་ལས་ཟློག་པ་སྟེ།། གནས་ཀོར་དག་ནི་རིམ་བཞིན་ཟེ།། འདི་ལྟར་ལེགས་པར་མཆིས་ན།། འཁོར་ལོ་རང་ལ་ལྡོག་པར་འགྱུར།། དེ་བས་ནན་ཏན་བྱེད་དེཿ། རས་གི་འཁོར་ལོའི
iiif viewer powered by OpenSeadragon
155b - 156b