e-texts navigator
Collection
Volume
Page
Wylie

134a1 རིང་མ། ། ཟླ་འདྲ་སྐྱེ་གནས་རབ་ཏུ་རིང་།། སྐྱེ་གནས་ཆུང་ཞིང་ཡན་ལག་ཆུབ།། བོང་རིང་དེ་བཞིན་ནུ་མ་མཁྲང།། སྲ་སྲབ་དལ་སྨྲ་ཡན་ལག་ཆུང་།། སྔོ་བསངས་རི་མོ་མཉམ་པ་དེ།། གསང་བ་ཤེས་རབ་རྣམ
134a2 གཉིས་ལ། ། རིག་མ་རང་ཡིས་བསྒྲགས་པ་ཡིན།། དད་པའི་འགྲོས་དང་བསྒྲ་འཁྱིལ་མ།། བཞིན་ཟླུམ་ནུ་རྒྱས་ལུས་ཀྱང་རྒྱས།། ཤིན་དུ་རིང་མན་དལ་བར་སྨྲ།། དབུས་ནས་རྣ་འཆང་གཉེར་གསུམ་ཅན།།
134a3 མཚན་ཉིད་ངན་ཞིང་ལེ་ལོ་ཆེ།། ཡན་ལག་ནག་ཅིང་སྒྲ་འཁྱིལ་ལ།། ཁང་པར་གནས་ཤིང་ལུས་རྩུབ་མ།། ས་ལའི་དྲི་འབྱུང་ས་ལི་བྲི།། ནུ་སྤངས་དེ་ནི་སྐྱེས་བུ་བཞིན།། ཆང་གིས་མྱོས་པའི་དཔའ་མོ་སྟེ།། ཆང་ལ
134a4 ཤིན་ཏུ་ཆགས་པ་ཡིན། ། དེ་གཉིས་དེ་ལ་ཤིས་པ་ཡིན།། ཐ་མ་ཐ་མར་ངེས་པར་ཡིན།། འཆི་བའི་བསམ་གཏན་དེ་ཉིད་ནི།། བདེ་བ་དམ་པ་ཁོ་བོས་འདོད།། འདི་ལའང་བདེ་བ་དེ་ཉིད་ཡིན།། ཀ་སོགས་སྤངས་པའི
134a5 ཨ་ལི་ནི། ། བཅུ་དྲུག་ཡིན་ཏེ་ཕྲག་གཉིས་པོ།། འཁོར་ལོ་སོགས་པའི་ས་བོན་ཡིན།། ཟླ་བ་དེ་དག་སུམ་བཅུ་གཉིས།། ཨ་སགས་སྤངས་པའི་ཀཱ་ལི་སྟེ།། བཅུ་བདུན་གཉིས་པ་དེ་སྟེངས་སུ།། ཡ་སོགས་སྤངས
134a6 པམིན་པཉིད། ། གསུམ་པའི་གསུམ་དང་བཞི་པའི་གཉིས།། བཅུ་ཕྲག་བཞི་སྟེ་དེ་ཕྲག་གཉིས།། སེནམ་པངས་སོགས་ས་བན་སུ།། ཉི་མར་རྣམ་སྔགས་དེ་དབུས་གནས།། ཧཱུཾ་དཔ་ས་ཡི་རང་བཞི་ན་ལས།
134a7 སོགས་སོ་སོར་རྟོག། ཐིམ་པས་ནན་གཏན་ཡེ་ཤེས་ཏེ།། ཆོས་ཀྱི་དབྱིངས་ཉིད་དག་པ་སྟེ།། གཤིན་དགྲར་བདག་ཉིད་འདོད་པ་ཡིན།། རྒྱན་གྱིས་བྱེ་བྲག་ལུས་ལ་གནས།། དེ་ནི་འདི་སྐད་བྱ་བ་སྟེ།། རིག་པ་ཤེས་རབ
134a8 བསྟན་པ་དང་། ། བསྐྱེད་པའི་རྒྱུ་ཡི་བྱེ་བྲག་ནི།། ཐ་མར་བསྟན་ཏེ་སྡོམ་གསུམ་མོ།། མཚོན་པར་བྱེད་པའི་བདག་ཉིད་དེ།། མཚོན་མ་སྔོན་བསྟན་ཉིད་ཡིན་ནོ།། གཤིན་རྗེ་གཤེད་ནག་པོའི་ལས་ཐམས་ཅད་གྲུབ་པར་བྱེད




iiif viewer powered by OpenSeadragon

133b - 134b

Texts on this page

Q104 - gshin rje gshed dgra nag po'i 'khor lo las thams cad grub par byed pa zhes bya ba'i rgyud kyi rgyal po