| | e-texts navigator
|
133b1 སོར་གཅིག་གིས་ནི་དམའ་བ་ཡིན།། ནིམ་བདེ་བཞིན་སེང་ལྡེང་དང་།། སེ་བདེ་བཞིན་པས་ཤིང་དང་།། དུར་ཁྲོད་ཤིང་བུ་སོར་བཅུ་པ།། རྩ་བའི་ཆ་ལས་རྣམ་བྱུང་བ།། དུར་ཁྲོད་མར་བུ་རྣམས་བརླགས་ལ།། དེ་ཡིས་ཡམ།
133b2 ཤིང་བྱ་བ་ཡིན།། བྱ་རོག་འུག་པའི་གཤོག་པ་དང་།། ནིམ་པའི་འདབ་མ་ཐལ་བ་དང་།། རྐང་རྗེས་ས་དང་བུང་བུ་དང་།། རྔ་མོ་སོགས་ཀྱི་སྤངས་དང་ནི།། སྐྲ་དང་ཞག་དང་བཤང་བ་དང་།། གཅི་བ་མི་དྲིས་ཡུངས་དཀར་དང་།
133b3 ཡུངས་མར་དག་དང་ལན་ཚྭ་དང་།། དེ་ལས་སོགས་པ་རེ་རེ་ཞིང་།། ཇི་ལྟར་རྙེད་པའི་རྫས་རྣམས་ནི།། དུག་དང་ཁྲག་དང་སྨྱོ་བྱེད་ཀྱི།། མདབ་ཁུང་བལ་བསོལ་བ་དང་།། འབྲས་ཀྱི་ཕུག་མ་ལ་སོག། ལ།། དགྲ་བོ་དག་གི
133b4 གཟུགས་བྱས་ལ། ། མགོ་ནས་བརྩམས་ཏེ་རལ་གྲི་ཡིས།། དུམ་བུར་གཏུབ་ཅིང་ལྕགས་ཕུར་དུ།། ཁྲག་དང་ཆུ་དང་མི་རྣམས་དང་།། བོང་བུའི་གཅིན་ལ་ཕཊ་ལྡན་པའི།། གདུག་པའི་ཡི་གེ་རྣམས་བཟླས་པའི།
133b5 རྫས་ལ་བསང་གཏོར་བྱས་ནས་ཀྱང་།། སློབ་དཔོན་ལ་སྡང་རྨོངས་པ་འདི།། བརྗོད་ཅིང་སྦྱིན་བསྲེག་དབུལ་བར་བྱ།། དེ་ལ་འདི་སྐད་ཅེས་བྱ་སྟེ།། འབྱུང་པོ་ཆེམི་བྱ་གཏོར་མ་དང་།། བསྟོད་བཟླས་མཉེས་པར་བྱ་བ་དང་།། དབང
133b6 གིདབྱེ་བ་བསྟན་པ་དང་། ། དཀྱིལ་འཁོར་འཇུག་པར་བྱ་བ་དང་།། དེ་ཡི་ས་ལ་མཆོད་པ་སོགས།། ཅོད་པན་དུ་ནི་བདེ་གཤེགས་གཞག། མངོན་སྤྱོད་ཧོམ་གྱི་ཆོ་ག་དང་།། བསྡུས་ནས་བར་དུ་རྣམ་པ་བརྒྱད།། པད་མ
133b7 དཀར་འདྲ་མགྲིན་པ་རིང་། ། གཟུགས་མཛེས་ཧ་ཅང་རིང་བ་མིན།། ལུས་ལ་རྡུལ་འབྱུང་ཡིད་འཕྲོག་མ།། དྲི་ནི་ཤིན་དུ་འང་ཞིམ་པ་ཡིན།། ལྟ་སྟངས་མི་སོགས་རི་དགས་འདྲ།། མགྲིན་དང་ལྟོ་བའང་རི་དགས་ཀྱི།། སྐལ
133b8 བཟངས་རྐེད་པའང་རི་དགས་ཀྱི། ། གླང་ཆེན་དྲི་ལྡན་བཞིན་འཕེལ་ཆེ།། མྱོས་ཤིང་ནུ་མ་རབ་ཏུ་རྒྱས།། གཞན་ཡང་ཀུན་རྫོབ་བདེན་པ་ནི།། བོང་ཐུང་དེ་ཡི་སྲ་ཡང་ཐུང་།། རྐང་ལག་རིང་ཤིང་བཞིན་རིང་མ།། ཉ་ཡི་དྲི་བྲོ་བོང
iiif viewer powered by OpenSeadragon
133a - 134a