| | e-texts navigator
|
132b1 ཨེ་ཧྱེ་ཧི་མ་ཧཱ་བྷཱ་ཏ་དེ་བ་རི་དྲི་ཛ་ས་གམ་ཐཾ་ཧི་ཏ་ཨ་ཧཱུཾ་ཏི་ཧ་རམ་ཨ་སྨིན་སཾ་ནི་ཧི་ཏོ་བྷཱ་བ་ཞེས་བརྗོད་ལ་སྤྱན་དྲང་ངོ་། ། འབར་བ་མེ་ཡི་དབུས་ཉིད་དུ།། མིང་དེ་ཟད་བྱེད་ཅེས་བྱ་བ།། ཁྲོ་བོ་མེ་ལྟར་ཕུན་སུམ་ཚོགས།། པ་སཱུ
132b2 ཁམ་པ་དེ་བཞིན་དུ། ། དུ་མདོག་ཟུར་མིག་སྟེང་དུ་གཟིགས།། སྒྲ་ཆེ་མཆེ་བ་བཞི་ལྡན་སྟོབས་པོ་ཆེ།། ཡཾ་ལས་རླུང་གི་དཀྱིལ་འཁོར་ཏེ།། བཞུགས་ནས་དྲག་པོའི་ཡི་གེ་བརྗོད།། སྤྱན་གསུམ་པ་ལ་ཕྱག་བཞི་པ།
132b3 རིག་པའི་གནས་ལ་ལེགས་པར་ཞུགས།། ཞལ་བདུན་རྣམ་རྩིགས་མ་ཧེ་ལ།། བྱིབས་པ་དུ་བའི་ཕྲེང་རྣམས་འཁྲིགས།། ཕྱག་གཉིས་མདུད་དང་རྡོ་རྗེ་འཛིན།། གཉིས་ཀྱིས་རལ་གྲི་གྲི་གུག་འཛིན།། དེ་ཡི་གཡས་ཀྱི
132b4 ཕྱོགས་ཉིད་དུ། ། དེ་བཞིན་མདུན་གྱི་ཕྱོགས་ཉིད་དམ།། སྤྱན་དྲངས་བྱིན་བརླབས་ལྡན་པ་ལ།། ཨ་སྒྲ་སོགས་ཀྱི་མཆོད་པཿ།། ཨོཾ་ཨ་རྡྷ་མ་པྲ་ཏཱི་ཙྪ་སྭཱ་ཧཱ།། ལག་གཡས་འཛུབ་མོ་མཐ་བོང་དག། སྐམ་པ་ལྟ
132b5 རྣམ་བྱས་པས། ། ཆུ་བླངས་བགྱོད་པས་དབུལ་བར་བྱ།། ཨོཾ་བ་ཏ་མཐར་ནི་མངོན་གྱིས་བརྗོད།། ཞབས་བཀྲུ་པ་ལ་ཤིས་པ་ཡིས།། དགང་གཟར་ཡུ་བ་སོར་བཅུ་དྲུག། དེ་མིན་སོར་བ་ཞི་ཐབས་སོར་གཉིས།། ཟུང
132b6 གསུམ་དབུས་སུ་སོར་གཉིས་ཆད། ། རྩེ་གསུམ་ཕྲེང་བས་ཡོངས་སུ་བསྐོར།། དེ་ཡི་དབུས་སུའང་མཚན་མ་སྟེ།། སྟག་སྦྲུལ་གང་འདོད་པས་མཚན་བྱ།། ཁྲ་བཅུད་འཛག་པ་སོར་གཅིག་གོ།། ཁྲོ་བོ་རྡོ་རྗེ་མཆུ་ཡི
132b7 དབྱིབས། ། བྱིན་བརླབས་སོར་གཅིག་ཆད་ཅན་ནོ།། ཐུགས་གཟར་ཡུ་བ་སོར་བཅུ་བཞི།། ཟབས་སུ་སོར་གཅིག་གྲུ་གསུམ་དང་།། ཡུ་བའི་མཐར་ནི་རྩེ་གསུམ་པ།། གདེངས་པ་བྱིན་བརླབས་མངོན་སྤྱོད་ཀྱི།། གཟར་བུ
132b8 ཡིན་པར་ང་ཡིས་བསྟན། ། གནམ་ལུགས་ཆེར་མ་ཅན་སོགས་ཤིང་།། དེ་ལ་དེ་བྱས་སངས་རྒྱས་འཇིག། བསྲེག་རྫས་གཟུགས་བརྙན་ལ་སོགས་པསྲེག། སྟོང་དུ་ཆང་བས་འབྲས་བུ་ནི།། ངེས་པར་འབྱིན་པར་བྱེད
iiif viewer powered by OpenSeadragon
132a - 133a