| | e-texts navigator
|
132a1 ལོ་རབ་སྦྱོར་བས། ། བདག་གིས་ཡེ་ཤེས་རྡོ་རྗེ་ཡིས།། ལུས་ངག་ཡིད་དུ་བཅས་པ་དག། སངས་རྒྱས་ཀུན་གྱི་བདག་ཉིད་ནི།། ཁྲོ་བོ་གཤིན་རྗེ་ནག་པ་བདག། སློབ་དཔོན་གྱིས་ནི་དཀྱིལ་འཁོར་བྲི།། ཞེས
132a2 ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། ། དཀྱིལ་འཁོར་གྱི་ནི་དྲུང་ཉིད་དུ།། དར་གྱིས་གདོང་ནི་བཀབ་པ་ལ།། སྒོ་དྲུག་གནས་པ་ཁྱོད་གང་ཡིན།། སློབ་དཔོན་གྱིས་ནི་རབ་བརྗོད་དེ།། དྲི་བདག་སྐལ་པ་ལྡན་པར་བརྗོད།
132a3 དེ་ལྟར་ཐ་མེད་དཔའ་བོ་ཡིས།། མགོན་ལ་དབང་ནི་བསྐུར་བར་བཞིན།། བླ་མེད་བྱང་ཆུབ་གནས་བྱའི་ཕྱིར།། བདག་ལའང་མགོན་པོས་དབང་སྐུར་གསོལ།། མེ་ཏོག་སོགས་ཏེ་མཆོད་པའི་མཆོག། རབ་འབྱམ་རྒྱ་མཚོ།
132a4 མ་ལུས་པས།། སློབ་དཔོན་དཔའ་བོ་དེ་ཉིད་ལ།། ཡང་ཡང་མཆོད་ཅིང་བསྟོད་པའི་ཚོགས།། རྒྱས་པར་མཉེས་བྱ་དེ་འོག་ཏུ།། དཔའ་བོས་དེ་ལ་དབང་རྣམས་སྦྱིན།། དེ་ནས་རྒྱལ་པོ་བདེ་ཆེན་པོ།། དཔའ་བོ་ལོངས
132a5 སྤྱོད་ཀུན་ལྡན་པ། ། དགྲོ་དོན་བརྩོན་པའི་སྐུ་གསུམ་བདག། ཉིད་ཀྱིས་འདི་སྐད་བཀའ་སྩལ་ཏོ།། སྦྱིན་སྲེག་མེད་ན་འབྲས་མི་སྦྱིན།། དེ་བས་བདག་ཉིད་དམ་པ་ཡིས།། དེ་ཡི་ལས་ལ་འབད་པར་བྱ།། གོས་ནག
132a6 རྒྱན་གྱིས་རྣམ་རྒྱན་ལ། ། གཤིན་རྗེས་རྣམ་བལྟས་རྣལ་འབྱོར་པས།། ཁྲོ་བོའི་དཀྱིལ་དཀྲུང་བཅས་པ་ཡིས།། སྲ་བའི་སྟན་ལ་བདག་འདུག་ནས།། ལས་རྣམས་བསྒྲུབ་པར་བྱ་བ་ནི།། མཚན་མོ་འམ་ཉི་མ་ཕྱེད་ཉིད
132a7 ན། ། རཾ་བྱུང་མེའི་དཀྱིལ་འཁོར་དུ།། ཧཱུཾ་ཕཊ་མཐའ་ན་ཡོད་པ་ཡི།། སྔགས་ཀྱིས་ཐོག་མ་བར་ཐ་མཱ།། སྦྱིན་བསྲེག་བྱ་སྟེ་དེ་མེ་ནི།། དུར་ཁྲོད་མེ་འམ་རུས་པའམ།། རྡོ་ཉིད་ལས་ནི་བྱུང་བའམ།། ཙན་ཌ་ལི་ཡི་ཁྱིམ་ཉིད
132a8 ནས། ། ཐབ་ཁུང་གྲུ་གསུམ་ཅན་དེར་ནི།། ཚེ་རམ་ཅན་གྱི་བུད་ཤིང་བརྫང་།། བརླུང་ཡབ་སྦར་ཏེ་ཧཱུཾ་ཛྭ་ལ་རཾ།། ཛ་ལ་ཧཱུཾ་བརྗོད་མེ་སྦར་བརྗོད།། ལག་གཡས་ཀུ་ཤ་བཅས་པ་ཡིས།། མཐེ་བོ་སྲིན་ལག་རྩ་རུ་གཟུགས།། ཨོཾ
iiif viewer powered by OpenSeadragon
131b - 132b