e-texts navigator
Collection
Volume
Page
Wylie

131b1 ལེ་ཆེ་མཆོག་ལ། ། གཞན་གྱི་དོན་རྫོགས་གུས་པས་ཕྱག་འཚལ་ལོ།། ཁྱོད་ནི་དཔའ་བོ་ཐུབ་ཆེན་ཀུན་གྱི་བདུད།། ང་ཡིས་ལམ་བསྟན་བདུད་རྣམས་མི་ཕྱེད་ཀྱང་།། དམ་ལས་འདའ་ཞིང་ལོག་པ་ཀུན་སྤྱོད་ལ།། ཁྱོད
131b2 ཀྱང་བཀའ་ལམ་འདའ་ལས་རྣམས་སྦུབས། ། ཚེ་དང་སྲོག་བསྡུས་ཡན་ལག་རྣམ་པར་བཅིངས།། བདུད་རྩི་ཆུ་རྒུན་རྣལ་འབྱོར་པ་ལ་འདོད་སྒྲུབ་ན།། ངས་ནི་སྦྱིན་པ་ཁྱོད་ནི་དམ་ལས་མ་འདའ་ཤིག། ཅེས་དཔལ
131b3 གཤིན་རྗེ་དགྲ་ནག་པོའི་འཁོར་ལོ་གཞན་གྱི་ལྟོ་བ་ལ་གནས་འཆའ་བར་འདོད་པའི་གཏན་འཕོ་བ་མ་ཡིན་པའི་ཚེ་བྱའོ། ། འཁོར་ལོ་སྙིང་ཁར་ལྟ་བར་ཆེ།། ས་བོན་ཚུལ་ཏེ་ལྟེ་བ་ལ།། ཡི་གེ་མ་ལུས་འདོད་པ་ཡང
131b4 མཚན་ཉིད་ངན་པའི་རྟོག་པ་ལས། ། གྲོལ་ཏེ་མཐའ་གསུམ་ངོ་བོ་ལས།། ཀྵ་ནི་ཟད་པའི་བདག་ཉིད་ལ།། ཨུ་ཎི་ཧཱུཾ་གི་བདག་ཉིད་དེ།། དེ་ནི་སེམས་ཀྱི་རང་བཞིན་ཉིད།། དགའ་ལས་འདས་པའི་ཡེ་ཤེས་ཏེ།། ཐམས
131b5 ནི་ཤེས་རབ་ལྡན་པ་ལས། ། དུས་ཐབས་བསྟེན་པའི་བདག་ཉིད་ཀྱིས།། འཐོབ་ཏེ་གཞན་དུ་དེ་མི་ཐོབ།། ཆུ་འགྲམ་ཆེན་པོའི་པས་མཐའ་དང་།། དུ་ཁྲོད་ཤིང་དྲུང་དགོན་པ་སྟེ།། དབེན་པའི་ཡུལ་དང་མ་མོའི་ཁྱིམ།།
131b6 དེར་ནི་མགོན་པོ་འདི་ལ་འབད།། གཞན་དུ་བསྒྲུབས་ཀྱང་དེ་མི་འགྲུབ།། སྐད་ཅིག་དེ་ལ་རང་བཞིན་ཀུན།། ངེས་པར་མི་སྣང་རིག་པ་ཡི།། ལམ་དུ་གྱུར་པ་མེད་པར་ཤེས།། འབྲས་བུ་དེ་ནི་རྒྱ་ཆེན་ཏེ།། མཐའ་ཡི་འཐོབ
131b7 པ་དེ་ཡིན་ནོ། ། དེ་ནས་ཡང་ཐམས་ཅད་ཀྱི་བདག་པོ་བདེ་བར་གཤེགས་པས་རྡོ་རྗེ་སའི་ཆོ་ག་གསུངས་པ་ནི།། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི།། སྤྱོད་པའི་ཚུལ་དང་ཁྱད་པར་ཀྱིས།། ས་དང་ཕ་རོལ་ཕྱིན་པ་ལ།
131b8 ལྷ་མོ་ཁྱོད་ནི་དབང་དུ་གྱུར།། བསྲུང་བའི་དཀྱིལ་འཁོར་རབ་གནས་པས།། སྡང་པའི་ལག་འདྲེན་སྐྱེ་བོ་དང་།། བགེགས་རྣམས་བསལ་བ་འདི་སྐད་གསུངས།། དཔལ་ལྡན་བདག་ནི་རྡོ་རྗེ་འཛིན།། བསྲུང་བའི་འཁོར




iiif viewer powered by OpenSeadragon

131a - 132a

Texts on this page

Q104 - gshin rje gshed dgra nag po'i 'khor lo las thams cad grub par byed pa zhes bya ba'i rgyud kyi rgyal po