| | e-texts navigator
|
131a1 མད་མཁའ་དང་འདྲ་བ་ལས། ། ལངས་སྤོང་ཡུལ་དུ་དུ་མར་སྡང་།། ཤལ་ལ་ཚན་ན་རྔ་བཞིན་དུ།། འདོད་བ་ལྔ་དང་ཆོས་རྣམས་ལ།། རྟག་ཏུ་རྣལ་འབྱོར་སྦྱང་བར་ཤོག། ཨལ་ལ་ཙ་རོལ་ཏུ་གསོལ།། བསྣམས
131a2 པར་མཛོད། ། མི་འཛིན་སྣ་མ་ལཱ་བུ་ལ།། གར་གྱིས་དགྱེས་པའི་རོལ་པ་མཛོད།། རེག་བྱ་དགག་པ་མེད་པ་ལ།། མི་གཡོ་བཞིན་དུ་རོལ་པར་མཛོད།། ཧོ་ཆགས་པ་མེད་པས་ཆགས་པར་མཛོད།། དེ་ནས་ཡང་དག་རབ
131a3 བཤད་པ། ། སྔགས་དང་ཕྱག་རྒྱ་དབང་བསྐུར་བའི།། དེ་ཡིས་མཚན་ཉིད་བཤད་པའི་ཕྱིར།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། ལྕེ་ལ་སྒོམ་པའི་རྡོ་རྗེ་ནི།། རྡོ་རྗེ་གནོད་མཛེས་ནག་པོ་སྟེ།། ཁ་ནི་ཀུན་དུ་དགྱེས་པ་ཡི
131a4 ལག་གཉིས་ཐལ་མོ་ངེས་སྦྱར་ཏེ། ། གུང་མོའི་རྩ་བའི་ཚིགས་ཉིད་ལ།། མཐེ་འོད་ངེས་པར་སྦྱར་བར་བྱས།། འཛུབ་མོ་གུང་མོའི་རྒྱ་བརྩེར་སྦྱར།། འདི་ནི་དམ་ཚིག་ཕྱག་བརྒྱ་སྟེ།། སྙིང་ཁ་དབྲལ་བ་ལྐོག་མ་དང་།
131a5 སྤྱི་བོར་བྱིན་གྱིས་བརླབ་པར་བྱ།། ཨོཾ་ཧྲཱིཿཥྚྲཱིཿབི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཨ་དྷི་ཏིཥྛ་སྭ་མ་མ།། གཞན་ཡང་རྡོ་རྗེ་སེམས་མ་སོགས།། ཕྱག་རྒྱས་དབང་བསྐུར་དབུ་རྒྱན་བརྟག། གཏི་མུག་རྡོ་རྗེ་ལ་སོགས་པ།།
131a6 སོ་སོའི་བདག་པོས་དབུ་རྒྱན་ཅིང་།། དབང་བསྐུར་ཚེ་ན་བུམ་པ་ཆེ།། ཕྱག་གིས་བསྡམས་ཏེ་དབང་བསྐུར་རོ།། འཁོར་ལོ་ལས་ཀུན་བྱེད་པ་ལ།། གསང་དབང་ལག་ན་རྡོ་རྗེ་ཡིས།། བསྟོད་པའི་རྒྱལ་པོ་འདི་ཡིས
131a7 བསྟོད། ། བདུག་པ་སྐྲག་བྱེད་འཁོར་ལོ་མེ་ལྟར་འབར།། དུས་གསུམ་ཁྲོ་རྒྱལ་ཧེ་རུ་ཀ་ཡི་ཐུགས།། ལས་རྣམས་དག་བྱེད་ཕྲག་དོག་རྡོ་རྗེ་སྟེ།། མ་ལུས་ཚེམས་གཅོད་གསོལ་པས་སྐུ་ཡི་དང་།། ཧཱུཾ་དང་ཕཊ་ཀྱི
131a8 བདུག་བཅུབ་སྦྱོར་བས་གསུང་། ། ཀུན་གྱི་རང་བཞིན་ཁྱོད་ཀྱིས་གཤིན་རྗེ་ཡི།། ལྟོར་འཛུད་བཀའ་ལས་དེས་ཀྱང་མ་འདའ་ཞིང་།། ཕྱོགས་བཅུའི་སྤྲུལ་པས་གནས་ནས་འགུགས་མཛད་པ།། མ་ལུས་ཀུན་བྱེད་ལ
iiif viewer powered by OpenSeadragon
130b - 131b