e-texts navigator
Collection
Volume
Page
Wylie

104a1 ལྷོ་རུ་དེ་བཞིན་ཕྲ་མ་ཡིན།། ནུབ་ཏུ་འདོད་ཆགས་རྡོ་རྗེ་སྟེ།། དེ་བཞིན་བྱང་དུ་ཕྲག་དོག་གོ།། མཚམས་ཀྱི་རྡོ་རྗེ་རྩེ་བཞི་ལ།། ཅར་ཙིཀཱ་སོགས་རྣམ་པར་བསྐམ།། སྒྲ་ཡ་རྡོ་རྗེ་རྩ་བན་ལ།། ཐ
104a2 ལ་སོགས་རྣམ་པར་བསྒོམ། ། སྣ་ཚོགས་རྡོ་རྗེའི་མཚམས་བཞི་རུ།། མི་ཡི་མགོ་བོ་བཞི་དག་གོ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་གཤིན་རྗེ་གཤེད་པོ་རྡོ་རྗེ་ཞེས་བྱ
104a3 བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེ་སྡང་ཆེན་པོའི་རིགས་ཀྱི་སྔགས་གསུངས་པ། ། ཨོཾ་ཧྲིཿཥྚྲཱིཿཝི་ཀྲི་ཏཱ་ནན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད
104a4 ཀྱི་བདག་པོས་གཏི་མུག་རྡོ་རྗེ་ཆེན་པོའི་སྔགས་གསུངས་པ། ། ཨོཾ་ཛི་ན་ཛིཀ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཕྲ་མ་རྡོ་རྗེའི་སྔགས་གསུངས་པ།། ཨོཾ་རད་ན་དྷིཀ།
104a5 དེནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་འདོད་ཆགས་རྡོ་རྗེའི་སྔགས་གསུངས་པ།། ཨོཾ་ཨ་རོལ་ཀི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད
104a6 བདག་པོས་ཕྲག་དོག་རྡོ་རྗེའི་སྔགས་གསུངས་པ། ། ཨོཾ་པྲཛྙཱ་དྷྲི་ཀ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་ཐོ་བའི་སྔགས་གསུངས་པ།། ཨོཾ་མུད་ཀར་དྷྲྀ།།
104a7 དེནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཐོས་རྡོ་རྗེ་དབྱུག་པའི་སྔགས་གསུངས་པ། ཨོཾ་ད་ཏ་ཎ་དྷིཀ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།
104a8 ཟམ་རྡོ་རྗེ་པད་མའི་སྔགས་གསུངས་པ།། ཨོཾ་པད་མ་དྷིཀ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་རལ་གྲིའི་སྔགས་གསུངས་པ།། ཨོཾ་ཁ་ར་ཀདྷྭི་ཀ། དེ་རས་བཅོམ་ལྡན་འདས




iiif viewer powered by OpenSeadragon

103b - 104b

Texts on this page

Q103 - de bzhin gshegs pa thams cad kyi sku gsung thugs gshin rje gshed nag po zhes bya ba'i rgyud