e-texts navigator
Collection
Volume
Page
Wylie

103b1 རྡོ་རྗེ་བཅོམ་ལྡན་འདས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་གསོལ་བ་བཏབ་པ་དང་།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བདུད་ཐམས་ཅད་རྣམ་པར་འཇོམས
103b2 པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ངེས་པར་བཏོན་ཏོ། ། ཟླ་བ་རྡོ་རྗེ་སྦྱོར་བ་ཡིས།། གཤིན་རྗེ་མཐར་བྱེད་བསྒོམ་པར་བྱ།། བདུད་རྣམས་ཞི་བར་བྱ་བྱིར་དང་།། དེ་སྡང་ཐམས
103b3 ཅད་བསལ་བའི་ཕྱིར། ། འོད་ཟེར་ལྔ་ཡིས་འཁྲིགས་པ་ཡིས།། རྡོ་རྗེ་བསྲུང་བའི་དོན་དུ་བསྒོམ།། ཕྱི་མཚམས་རྡོ་རྗེས་གཞི་དང་།། རབ་དྲབ་དེ་བཞིན་ནོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ
103b4 ས་ཀྱེད་པ་པོ་བདུད་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་ལ་སོགས་པ་ཐམས་ཅད་ཀྱིས་བོན་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམས་ལ་ངས་པར་ཕྱུང
103b5 དབུས་སུ་ཡ་དང་ཀྵེ་མ་མེད་ཡང་ཙྪ་ནི་རཱ་ཛཱ་ས་དོ་རུ་ཎ་ཡོ་ནི་རའོ། ། ཡ་སོགས་ཡི་གེ་དང་པོ་ལས།། གཤིན་རྗེ་གཤེད་དུ་གྱུ་རབ་ཡིན།། ཡི་གེ་ཀྵེ་ནི་གཏི་མུག་བརྗོད།། ཡི་གེ་མ་ནི་ཕྲ་མར་གསུངས།། ཡི་གེ་མེ།
103b6 ནི་འདོད་ཆགས་ཉིད།། ཡི་གེ་དྷ་ནི་ཕྲག་དོག་འགྱུར།། གཤིན་རྗེ་གཤེད་སོགས་ལྔ་རུ་གྲགས།། ཡི་གེ་ཡ་ལས་ཐོ་བར་འགྱུར།། ཡི་གེ་ཙྪ་ལས་དབྱུག་པའི་གཙོ།། ལག་ན་པད་མ་ནི་ཡི་གེ་ལས།། ལག་ན་རལ་གྲི
103b7 རཱ་ལས་ཡིན། ། ཛ་ལས་ཙར་ཙི་ཀཱ་ཞེས་བརྗོད།། ཡི་གེས་ལས་ཕག་གདོང་མ།། ཡི་གེ་དྷ་ལས་དབྱངས་ཅན་བསྒྲགས།། ཡི་གེ་རུ་ལས་གོ་རཱི་དྲན།། ཎ་ཡོ་ནི་ར་མཚམས་ཀྱི་བཞི།། ཐོད་པ་བཞི་རུ་འདོད་པ
103b8 ན། རྣཆགས་རྡོ་རྗེའི་འཇིགས་རུ་བ།། རྣམ་མཁའ་རྡོ་རྗེད་དཀྱིལ་དུབསམ།། དེདཀྱིལ་བཞུགས་པའི་གཤིན་རྗེགཤེད།། གནག་ཅིང་འབར་བ་བསྒོས་པར་བྱ།། ཤར་དུ་གཏི་མུག་རྡོ་རྗེ་རྗེ།




iiif viewer powered by OpenSeadragon

103a - 104a

Texts on this page

Q103 - de bzhin gshegs pa thams cad kyi sku gsung thugs gshin rje gshed nag po zhes bya ba'i rgyud