e-texts navigator
Collection
Volume
Page
Wylie

44b1 མི་འཕྲོགས་ནོར་གྱིས་གཏེར་ཐོབ་འགྱུར། ། ཨོཾ་ཀུ་རུ་ཀུལླེ་སྭཱ་ཧཱ།། ལྷུང་བཟེད་ལ་ནི་བཏགས་ནས་སུ།། ཡུལ་གྱི་མུ་གེ་བྱུང་བའི་ཚེ།། སློངས་མོ་པས་ནི་བསོད་སྙོམས་ཐོབ།། ཨུད་པལ་སྡོང་བུའི་ཕྱི་རོལ་འཁྲིགས་པ་ཡིས།། ཁུ་བ
44b2 འོ་མ་དང་བཀྲུས་བུད་མེད་ཀྱིས་འཐུངས་ན། ། རང་གི་ལས་ཀྱི་ས་མངལ་བླུགས་པ་དག་ཀྱང་།། དེས་ནི་ངེས་པར་གནས་པར་བྱེད་པ་ཡིན།། མ་ག་ཏ་ཡི་འབྲས་བུ་ལྔ་ཙམ་ཞིག། བཏགས་ནས་བུད་མོདོ་གང་གིས་འོ་མ་འཐུངས།། གསང
44b3 སྔགས་འདི་ཡི་མཐུར་བ་ཆེ་བ་ཡིས། ། དེ་ནི་བདེ་བ་དང་ལྡན་བཅའ་བར་འགྱུར།། ནིམ་པས་པ་དུའོ་མ་དཔགས་ནི་བཏགས་ནས།། རྡོ་རྗེ་ཆུ་དང་ལྷན་ཅིག་བསྲེགས་བྱས་ནས། སྐྱེས་པའི་ཚེན་མངལ་ནི་བསྐུ་བྱསན། བུད་མེད་དེ་ནི་བདེ་བར
44b4 བུ་བཙའ་འགྱུར། ། གླང་པོ་མ་ག་ན་ཡི་ཤུ་དག་བཅས།། རྟ་ཡི་དྲི་དང་མ་ཧེ་མར་གསར་བཅས།། བ་ལ་དང་ལྡན་སྦྱོར་བ་བྱས་ནས་ནི།། མུ་མ་དག་ནི་སྒྲུབ་བྱེད་འཕེལ་བར་བྱེད།། བཟའ་བ་ཐམས་ཅད་ཟོས་ནས་ནི།། སྔ་ནས་ཆུ་ནི་འཐུ
44b5 ནས་ནི། ། མགོ་བོའི་དུས་མིན་སྐྲ་དཀར་དག། སྔགས་ཀྱི་སྦྱོར་བས་དེ་མེད་འགྱུར།། ཨ་བ་ཤ་ཡི་རྩ་བ་དང་།། ཀ་མ་ཙ་ཀ་གསེར་ཤིང་འབྲས།། ལྡན་པར་ག་བུར་ཆུས་བཏགས་ནས།། ལུས་མཆོག་བཀྲུས་བསྲུབས་མཛུབ
44b6 མོ་འཇིག། འཁྲིག་པའི་ཚེ་ན་མི་འཛག་ན།། བདག་པོ་མི་གུས་འགྲོ་བར་འདོད།། འཆིང་བ་ཡི་ནི་སྦྱིན་པར་འདོད།། དེ་འཛག་བྱ་ཕྱིར་དེ་ཡིས་བསྐུ།། འཁྲིས་པ་སྦྱོར་ཚེ་ཕགཞིག་ལས།། མར་མེ་སྦར་བར་བྱས་ནས་ནི།། མི་འདོད
44b7 པ་ཡང་མྱུར་དུ་འབྱུང་། ། དེ་ཡང་མངལ་དུ་ཡུན་རིངས་གནས།། རྡོ་རྗེ་མེ་ཡིས་ཁྱིམ་ཚིག་ན།། མི་གང་སྔགས་ཀྱིས་ཆང་གིས་འཐོར།། མཱི་འཆི་བར་གྱུར་ཏོ་ཞེས།། སྦྱོར་བ་འཇིག་རྟེན་དབང་ཕྱུག་གསུངས།། སེམས་ཅན་གང་དག
44b8 འཁོར་གནས་དང་། ། འཇིག་རྟེན་མགོན་པོས་དེ་སྐད་བསྒྲགས།། རི་ཡི་རྒྱལ་པོ་པོ་ཏ་ལར།། བཅོམ་ལྡན་གཞན་སྡུག་པས་སྡུག་པ།། སངས་རྒྱས་མ་གྱུར་ཅི་ཡང་མེད།། སེམས་ཅན་དོན་རྣམས་བསྒྲུབས་པའི་ཕྱིར།། སྔར་སྤང




iiif viewer powered by OpenSeadragon

44a - 45a

Texts on this page

Q76 - 'phags pa sgrol ma ku ru ku lle'i rtog pa