e-texts navigator
Collection
Volume
Page
Wylie

43a1 བསྲེས། ། ཕྱི་ནས་སྲང་གཅིག་དྲུག་བཅུར་བསྲེ།། རང་དང་མཉམ་པར་བསྒྲུབ་བྱ་ནས།། དངུལ་གྱི་རི་ལུ་བྱེད་པ་ཡིན།། སྒྲོལ་མས་དངུལ་ཆུ་གྲུབ་གྱུར་ནས།། སེམས་ཅན་དོན་བྱེད་ནུས་པར་འགྱུར།། སེམས
43a2 ཅན་དོན་ལས་བསོད་ནམས་ཚོགས། ། རྫོགས་ལས་བྱང་ཆུབ་མཆོག་ཏུ་འགྱུར།། དངུལ་ཏུ་བསྒྲུབ་པའི་རླུང་དོ།། ། བསྟན་པའི་ཐེར་ཏོར་མེ་ཏོག་སྟེ།། ཙཽ་ཏྲཀ་སྔོར་ཞེས་བྱ་བ་དང་།། རྣལ་འབྱོར་པ་ཡིས་ཟླ་གཅིག་ཏུ།
43a3 འོ་མ་དང་འཐུངས་ལེ་སྟོང་འཚོ།། སྔགས་ཀྱི་བཀའ་ལས་ནག་པོ་བླང་།། འོད་མའི་སྣོད་དུ་བཅུག་ནས་ནི།། ཚེས་བརྒྱད་ལ་བསྒྲུབ་རྣལ་འབྱར་པས།། ཉི་ཟླ་སྐར་མ་གནས་ཡང་འཚོ།། ཡུང་པ་བུང་དང་འདྲ་རྙེད་ནས།། འོ་མ
43a4 དང་མཉེས་འཐུངས་ནས་ནི། ། ཚངས་པ་མདུན་ན་འདོན་མཉམ་པའི།། ཚེ་དང་ལྡན་འགྱུར་ཐེ་ཚོམ་མེ་པ། དེ་བཞིན་ཤིང་ཆེན་འབྲས་བུ་ཡི།། ཆུ་ཤིང་འབྲས་བུའང་རྙེད་ནས།། གང་དང་གད་ན་གནས་པ་དེར།། གལ་ཏེ་གསོ་སྦྱོང་ལ་གནས་པ།།
43a5 འོ་མ་དང་མཉེས་འཐུངས་ནས་ནི།། སྐྲ་དཀར་གཉེར་མ་རེངས་པར་འགྱུར།། བཅུད་ཀྱིས་ཡིན་བསྒྲུབ་པའི་རྒྱུད་དོ།། །། བུ་འདོད་པས་ན་བུ་ཡི་ནི།། པ་བ་བྷག་ཡི་ཤིང་མེ་ཏོག། བརྟུལ་ཞུགས་གནས་པའི་འོ་མ་དང་འཐུངས
43a6 ནས། ། དེ་ཡི་ཆུང་མ་གསོ་སྦྱོང་ལྡན་བྱས་ཏེ།། འཐུངས་ནས་སྐལ་བཟངས་བུ་དང་ལྡན་པར་འགྱུར།། སྔགས་འདི་ཤུ་དག་གི་ནི་འབྲས་བུ་དག། བཏགས་ནས་འོ་མ་ནི་དིང་ན་བསྲེ་བྱས་ནས།། གལ་ཏེ་བཙུན་མོ་དང་ཡང་གསོ་སྦྱོང
43a7 ལྡན་བྱས་ཏེ། འཐུངས་ན་རྒྱལ་བའི་མཚན་ལྡན་བུ་ཐོབ་འགྱུར།། ལག་སྨན་ཞེས་བྱའི་རྩ་བ་གང་གི་འོ་མ་དང་། ཁྲུས་བྱས་འཐུངས་པར་གྱུར་ན་བུད་ཙས་འགྱུར། དོན་གྲུབ་པ་ཡི་སྐུ་འདྲ་ཡོངས་སུ་རྫོགས་པའི་གཟུས།། མཚོན་གྱི
43a8 མཚོན་རྣམས་ཀྱི་ནི་འཇིགས་པ་མེད་པ་ནི། ། འཛྭ་ལ་ཤེལ་རྩ་བ་ནས་བཏོན་ནམ།། རྩ་བ་བླངས་ནས་ལན་བདུན་མང་ན་བསྔགས་ཏེ།། མག་པ་ལ་ན་བཅིངས་པར་བྱས་ནིན།། ལོ་གཅིག་རིམས་ནི་མེད་པར་བྱེད་པ་ཡིན།། རྣལ་འབྱོར




iiif viewer powered by OpenSeadragon

42b - 43b

Texts on this page

Q76 - 'phags pa sgrol ma ku ru ku lle'i rtog pa