e-texts navigator
Collection
Volume
Page
Wylie

32b1 ཀྱིས་དཔལ་ལྡན་དག་ཀྱང་ཉ་བཞིན་འགྱུར། ། བཟླས་བརྗོད་ལྡན་པས་ངག་གི་དབང་ཕྱུག་བྱང་འཐུ་རབས།། རིག་པས་འགྱིང་བའི་དཔས་དང་ལྡན་པའི་བཁས་པ་ཡ་དེ་བྱེད། རིག་པ་འཛིན་པ་གླང་ངོ་དྷའི་རྒྱབ་ཏུ་ཉོན་པ་དང
32b2 རིག་མ་མཛེས་མས་ལེགས་པར་འཁྱུད་ཅིང་མགུལ་ནས་འཇུས་པ་ལས། ། སྔགས་རིག་པ་ཡི་གཙོ་བོའི་སྟབས་ཀྱིས་རྒྱལ་བར་འགྱུར།། མཐར་གྱུར་པ་ཡི་རྒྱལ་སྲིད་ལོངས་སྤྱོད་དག་ལ་ཡིད་ཀྱིས་སྤྱོད།། འདོད་པའི་ལྷ་ལས
32b3 དགའ་བའི་བུ་ལ་སོགས་པ་རི་ཁྲད་མོ། ། དེ་བཞིན་སྲེད་མེ་དབུལས་དཔའ་མོ་མི་ཕྱེད་པ་ལས་བ་སོགས་དང་།། ཚོགས་བདག་ལས་ནི་དྲི་མེད་དབྱངས་ཀྱི་དབང་ཕྱུག་དཀར་མོ་།། ས་འཛིན་ལྷ་ལས་ཕུན་ཚེགས་མངའ་བ་སྔག
32b4 ཀྱིས་རྣམ་རྒྱལ་བྱེད། ། གསང་སྔགས་ལྡན་པར་བཅོམ་ལྡན་འདས་མ་གང་ཞིག་སྒོ་བ་བྱེད་པ།། དེས་ནི་སྣ་ཚོགས་གཏེར་དང་གསེར་དང་དངུལ་དང་རྣ་ཆ་དང་།། གོས་ལ་སོགས་པའི་ནོར་རྣམས་ཀུན་ལ་ཆེད་དུ་གང་བསམས་པ།། སེམས
32b5 ཀྱིས་ཐམས་ཅད་མ་ལུས་ཀུན་ནས་ལོང་སྤྱོད་བྱེད། ། རྒྱལ་པོ་ལས་ནི་རྒྱལ་སྲིད་དབང་པོའི་ཡུལ་འདས་པའི་ཤིང་ལས་འབྲས་བུ་དང་།། ཀླུང་དཀྲུ་ཆུང་རྒྱ་མཚོ་རྣམས་ལས་ཆུ་རྣམས་འགྲགས།། སྔགས་དང་ལྡན་པས་འཐུང་ཞིང་ཟས
32b6 སྔགས་ཀྱིས་དག་པར་བྱེད། ། སྐྱེ་བོ་སྔགས་རེད་པར་ནི་ལོང་སྤྱོད་གྲུབ་པ་མེད།། ནགས་སྐྱེས་གླང་པོ་རྟ་མཆོག་རིགས་དང་ལྡན་པ་དང་།། དུག་བཅས་གདེངས་ཀ་ཅན་གྱི་སྤྲུལ་མཆོག་དང་།། ཆུ་སྲིན་ཚྭ་གླང་རྟག་དང་བསེ་དག་དང་།། རང
32b7 སྔགས་ཀྱི་སྟོབས་ཀྱིས་བཀུག་ནས་ནི། ། ཞོན་ཡང་ངོ་མཚར་མེད་པར་བྱས་པའི་མིག་དག་གིས།། ལྟ་བར་གལ་ཏེ་གསང་སྔགས་གྲུབ་པ་དེ་ཡིས་མཐོང་བར་འགྱུར།། གལ་ཏེ་སྙིང་རྗེའི་ལྟ་བས་འཇིག་རྟེན་འདི་ལྟར་སྡུག་བསྔལ་བས།
32b8 རྒུད་པར་གྱུར་པའི་མི་མཉམ་པ་ལ་སྔགས་པ་དེས།། ཡིད་བཞིན་ནོར་བུ་བཞིན་དུ་འཇིག་རྟེན་ལ་ཕན་སྒྲོན་མ་ཡིན།། འཇིག་རྟེན་མ་ལུས་སྨོན་པར་བྱེད་ཅིང་ཞི་བར་བྱེད།། བདུད་རྣམས་བཅོམ་ནས་ནོར་གྱི་ཆང་རྒྱུན་འབེབས་པར།




iiif viewer powered by OpenSeadragon

32a - 33a

Texts on this page

Q76 - 'phags pa sgrol ma ku ru ku lle'i rtog pa