e-texts navigator
Collection
Volume
Page
Wylie

32a1 སྒྲ་ཅན་འཛིན་ནོ། ། དེའི་སྟེང་དུ་འདོད་པའི་དབང་ཕྲག་ཆུངས་དང་བཅས་པའོ།། འདོད་པའི་ལྷའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རོ།། དེ་ལ་པད་མ་དམང་པོའི་གདན་ནོ།། དེ་ལ་གནས་པའི་སྣ་ཚོགས་པའི་ཆ་ཅན་གྱི་བཅོ
32a2 ལྡན་འདས་མ་བྲིས་ལ། རས་རིས་རབ་ཏུ་གནས་པ་བྱའོ།། དེའི་བདུན་དུ་མཆོད་པ་རྣམ་པ་བཅཝ་བརྒྱད་བྱས་ལ།། ཡར་གྱི་ངོའི་ཆོས་བརྒྱད་ཟླ་བ་ཉའི་བར་དུ་བཟླས་པ་བྱའོ།། སྒྲོལ་མའི་སྙིང་པ་ན་འདི་ས་ན་སོ་ཀུ་རུ་ཀུལླེཧྲཱི
32a3 སཱཧཱ་ཞེས་བྱ་བའི་སྔགས་སོ། ། དེ་ནས་སྔོན་དུ་བསྟེན་པ་འབུམ་ཙམ་བྱས་ལ། ཡང་སྟོན་ཟླ་ཐ་རུངས་སམ། དཔྱིང་ཟླ་འབྲིང་པོའམ། དབྱར་ཟླ་འབྲིང་པོའི་སངས་རྒྱས་ལ་མཆོད་པའི་དུས་ཆགས་ཀྱི་ཉིན་པར་ཐོ་རངས་ཀྱི་ཁྲུས་བྱས
32a4 བྱས་ལ་གསོ་སྦྱོང་གཟུང་ནས་མཆོད་པ་ཐམས་ཅད་ཀྱིས་མཆོད་ལ། ཉན་ཐོས་ཀྱི་དགེ་འདུན་ལ་མཆོད་སྟོན་གསོལ།། དེ་ནས་ཐེག་པ་ཆེན་པོ་གསང་སྔགས་པའི་ཚོགས་ལ་མཆོད་སྟོན་བྱས་ནས་ཡོན་ཕུལ་ལ། པུས་མོ་གཡས
32a5 པའི་ལྷ་ང་ས་ལ་བཙུགས་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཅི་ལྟར་འདོད་པའི་དངོས་གྲུབ་བླང་བར་བྱའོ།། ཉན་ཐོས་ཀྱི་དགེ་འདུན་གང་ན་བཞུགས་པ་དང་། ཐེག་པ་ཆེན་པོ་ལ་དགའ་བའི་ཚོགས་རྣམས་ལ་ཕྱག
32a6 བྱས་ནས་བཟོད་པར་གསོལ་ཏེ། གང་ན་བཅོམ་ལྡན་འདས་མའི་རས་རིས་བཀྲམ་པའི་ཕྱོགས་དེར་ཉེ་བར་སོད་ལ། དངོས་གྲུབ་གང་འདོད་པའི་དོན་དུ་རིག་པ་འཛིན་པས་བསམ་གཏན་དང་ལྡན་པར་གནས་ལ་ཡི་གེ་གྲངས་ཀྱི
32a7 འབུམ་བཟླས་པ་བྱའོ། ། ཆ་གཅིག་གིས་ནི་ཤེས་རབ་འཕེལ།། ཆ་གཉིས་ཀྱིས་ནི་དབང་དུ་བྱེད།། གང་ཞིག་ཆ་ནི་གསུམ་པ་ཡིས།། མིས་ནི་དུག་ཀྱང་འགུགས་པར་འགྱུར།། མྱོས་ཤིང་འགྱིང་བའི་བུད་མེད་རྣམས་དང་ནི།།
32a8 འཇིག་རྟེན་ཐམས་ཅད་ཀྱིས་ནི་མཆོད་པར་འགྱུར།། སྦྱོར་བ་གེམས་པས་ལྷ་མོ་མཛེས་རྣམས།། སྔགས་འཆང་དེས་ནི་ཇི་ལྟར་འདོད་པར་སྤྱོད།། དེ་མིང་ཙམ་གྱིས་མཚུངས་མེད་དུ་གཅན་འབྲོས་པ་དང་། གདེངས་ཀའི་གཙོ་བོའི་འོ




iiif viewer powered by OpenSeadragon

31b - 32b

Texts on this page

Q76 - 'phags pa sgrol ma ku ru ku lle'i rtog pa