e-texts navigator
Collection
Volume
Page
Wylie

31a1 སྐྱབས་མེད་གྱུར་ལ་རྣམ་བལྟས་ནས། ། འགྲོ་ཀུན་དོན་བྱེད་པའི་ཚུལ་འདི་ནི།། སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་གྱུར་བལྟས་ནས།། གུས་པ་ཆེན་པོས་ཁྱོད་ཀྱིས་བླང་བར་བྱའོ།། འཇིག་རྟེན་རྣམ
31a2 རྟོགའི་བར་བྱ་ཕྱིར་རྟོག་པ་འདི་། ། སངས་རྒྱས་ཐམས་ཅད་ཀྱིས་ནི་རབ་ཏུ་གསུངས།། དཔལ་ལྡན་གྲུ་འཛིན་རིལ་འཇམ་དཔལ་དང་།། པད་མ་བསྡམས་དང་རྒྱལ་བར་བྱེད་པ་དང་།། སྒྲིབ་པ་རྣམ་སེལ་བློ་གྲོས་རྒྱ་མཚོ་དང་།།
31a3 བྱམས་པ་ལ་སོགས་ཚོགས་རྣམས་ཐམས་ཅད་ཀྱིས།། གང་ཡང་ཆོས་ཀྱི་ཚིག་འདི་ཐོས་གྱུར་ནས།། རྗེས་སུ་ཡི་རང་སྤྱི་བོས་གུས་ཕྱག་བྱས།། རྒྱལ་བའི་སྲས་ཀྱིས་པ་འབྲས་བསྟོད་པ་འམ།། ཡང་དགྲུ་དང་དབྱང
31a4 ངག་བྱས་པ་ཡིས། ། སྣ་ཚོགས་གར་གྱིས་འདི་ནི་མཆོད་པ་བྱས།། གནོད་སྦྱིན་སྲིན་པོ་ཡི་དགས་འཇིག་རྟེན་དང་།། སྣ་ཚོགས་བུ་མོད་ནི་རྒྱུ་སྐར་དང་།། སའི་དབང་དང་ལག་ན་རྡོ་རྗེ་དང་།། བརླབས་རྣམས་སྣ་ཚོགས་ཅན་གང
31a5 གནས་པ་ཡི། ། ཀླུའི་བུ་མོ་ཟུར་གྱིས་བལྟ་བས་ལྟ་བ་དང་།། ས་འོག་སྐྱོང་དང་ལྷ་དབང་གྲུབ་པའི་བུ་མོས་མཆོད།། དྲི་ཟའི་རྒྱལ་མོ་རུ་མ་ཤིན་ཏུ་རྒྱས་པ་དང་།། རིག་པ་འཛིན་དང་མི་འམ་ཅིའི་ཆུང་མ་དང་།། གནོད་སྐྱེར་རུ
31a6 མ་རིའི་བུ་མོའི་བུ་དག་རི། ། གང་ཡིན་བདག་དང་སྐྱབས་མེད་ཅེས་ནི་འདི་སྐད་སྨྲ།། གང་ཕྱིར་སྐྱབས་མེད་སྐྱབས་གྱུར་སངས་རྒྱས་བསྟན་པ་འདིར།། མགོན་མེད་མགོན་གྱུར་འཇིག་རྟེན་མགོན་པོ་ཁྱོད།། བདེ་བ་བརྩེད
31a7 ཅིང་ངོ་མ་ར་རེ་ཀཱར་གང་། ། མགོར་པོ་ཚོགས་ཀྱི་ཚིག་དབང་འདི་ཐོས་ནས།། ཉིད་ཀྱིས་དབང་དུ་བྱེད་པའི་གསང་སྔགས་གསུངས།། སྔགས་ཀྱི་རྒྱལ་པོ་བུད་མེད་ཀུན་ཐོས་པས།། མཐར་ཐུག་སངས་རྒྱས་བདོ་བ
31a8 མ་འབྱུང་། ། རྡོ་རྗེ་རེག་པས་ཁམས་ཀྱང་འཛག་པར་འགྱུར།། ཟུར་གྱིས་ལྟ་བར་བྱེད་པས་ལྟ་བྱེད་ཅིང་།། རྐང་པ་དག་ཀྱང་ས་ལ་གྱ་ཙོམ་མདོར།། འདོད་ཆགས་ཤིན་ཏུ་བདེ་བས་ཁུ་འབབ་ཆེ།། འདི་ལྟར་མཐོང་ནས




iiif viewer powered by OpenSeadragon

30b - 31b

Texts on this page

Q76 - 'phags pa sgrol ma ku ru ku lle'i rtog pa