e-texts navigator
Collection
Volume
Page
Wylie

55b1 པའོ།། གཞན་ཡ་ང་ཡིས་གསུངས་པའི་བཀལ།། གསུང་གཅིག་ཉིད་དྲགསུངས་གྱུར་ཀྱང་། མ་ཉིད་དུས་སོང་སྣང། ཆོས་ཚུལ་དུ་མའི་བྲི་བྲག་དང་།། ངས་པ་དུ་མའི་བྲི་བྲག་དཔ། དུགས་དྲ་མའི་གྱི་བྲག་གིས།། ཐེག་པའི་མཐའ་འཐུག
55b2 པ་མེད། ། སེམས་གཟུང་ཡན་ལག་བསམ་མི་ཁྱབ།། ང་ཡི་རྗེས་འབྲང་བ་ཡི།། བླ་མས་རཔ་ནོན་པ་དང་།། དེ་ཉིད་བཅུ་ལྡན་མངོན་ཤེས་སྐྱེས།། དེ་གསུང་བཅུ་དྲུག་མཐའ་ཡི་བར།། རིག་པའི་གནས་ལྔ་མཁས་པས་སྦྱད་།། མཁའ་འགྲོ
55b3 མ་ཡི་ལུང་བསྟན་པས། ། བརྩམས་ལ་བཞི་ཡི་མཐའ་ཡིས་ངེས།། དེ་ལྷའི་མན་ངག་མ་ཐོབ་པར།། སྔགས་ཀྱི་ལྷ་སྤྱོད་གང་སྤྱོད་པ།། རང་ཡང་ཕུང་ལ་གཞན་ཡང་ཕྲང་།། མཐོང་བའི་ཆོས་ལ་དམྱལ་སོགས་འཚེད།། དེ་བས་དངོས་གྲུབ
55b4 འདོད་པ་ཡིས། ། བླ་མ་དམ་པ་མཉེས་བྱས་ཏེ།། མན་ངག་དམ་པ་བླང་བར་བྱ།། ངེས་པའི་ལྷ་སྤྱོད་མ་རྙེད་པར།། གསང་བའི་ལྷ་དང་སྤྱོད་པ་དང་།། མོས་པའི་རྗེསུ་གང་བྱེད་དང་།། ཉོན་མོངས་ཟིལ་ནོན་ལ་སོགས་དག། གསང་སྔགས་ལྔ
55b5 བུར་སྤྱད་པ་སྤྱོད། ། འདི་དག་གླན་པོ་མ་རུངས་པ།། མཐོང་བའི་ཆོས་ལ་དམྱལ་བར་སྐྱེ།། དང་པོ་སྲིད་པ་སྐྱེ་བ་ཡང་།། ཡར་ངོ་མར་ངོ་མཚམས་དང་གསུམ།། སི་ཧཱའི་དང་པོ་ཐ་མ་དང་།། འབྲས་བུ་སྲེད་པ་སྐྱེ་བ་ཡི།། དུས་དེར
55b6 ཀུན་དུར་བྱེད་ན། ། འབྱུང་བའི་རླུང་གི་ནང་ཞུགས་ན།། ནད་བཞི་བསྡུས་ཤིང་ནད་བཞི་སྐྱེད།། སྲོག་དང་ཚངས་པར་སྤྱོད་པ་འབྱུང་།། དེ་ལ་འདོད་པའི་མཚོན་ཆས་ནི།། གཡེང་བ་མེད་དང་གཏར་ཀ་བྱ།། ཕྱི་ནས་རིགས་ཀྱི་བདག
55b7 བོས་སོ། ། སྲིད་པར་སྐྱེ་བའི་དུས་ཆོད་ཀྱང་།། རྒྱུན་ཆང་ཞག་གསུམ་ཞག་ལྔ་དང་།། བདུན་དང་དགྲ་ཡི་རུས་རྣམས་སྤྱད།། དེ་ལྟར་རྒྱུད་མཆོག་རྒྱལ་པོའི་དོན།། ཁྱོད་ལ་གཏད་ཀྱིས་ལེགས་པར་བཟུང་།། དེ་ནས་འཁོར་ཐམས་ཅད
55b8 དགའ་ཞིང་མགུ་སྟེ། རྗེས་སུ་ཡིད་རང་བར་གྱུར་ཏོ།། དཔལ་དྲར་ཁྲོད་རྒྱན་གྱི་རྒྱུད་ཀྱི་རྒྱལ་པོ་རྫོགས་སྷོ།། ། པཎ་ཌི་ཏ་གཱ་ཡ་དྷ་ར་དང་ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།།




iiif viewer powered by OpenSeadragon

55a - 56a

Texts on this page

Q47 - dpal dur khrod rgyan pa'i rgyud kyi rgyal po