e-texts navigator
Collection
Volume
Page
Wylie

55a1 འོག་ཏུ་བཞི་བཞི་སྟེ།། ནང་གི་ཕྱོགས་སྐྱོང་ཡིན་པར་འདོད།། མཐིལ་དང་དེ་བཞིན་ཉེ་བའི་མཐིལ།། སྟེང་འོག་དེ་བཞིན་ཀླུ་བརྒྱད་དོ།། རྩེ་དང་དེ་བཞིན་ཉེ་བའི་རྩེ།། བརྒྱད་ནི་ཆར་སྤྲིན་བརྒྱད་ཡིན་ཏེ།། བསྐྱེད་རིམས་རྣམ་རྟོག་མི
55a2 མངའི་རྟགས། ། དུར་ཁྲོད་བརྒྱད་ནི་ནང་ན་གནས།། རྩཝ་རླུང་ངོ་བོ་ཤེས་པ་རྒྱས།། དེ་ཕྱིར་ནང་གི་ཤིང་བརྒྱད་གནས།། རགས་པའི་གདུག་པ་འདུལ་བའི་ཕྱིར།། ནང་ན་ཀླུ་བརྒྱད་ཡང་དག་གནས།། བདག་སྤྱོད་གཞན་ཡང་སྤྱོད་པའི་ཕྱིར
55a3 ཆར་སྤྲིན་བརྒྱད་ནི་ནང་དུ་གནས། ། དེ་ནས་གསང་བའི་དུར་ཁྲོད་ཀྱང་།། སྣ་རྩེར་རྩ་བརྒྱང་དུར་ཁྲོད་བརྒྱད།། ལྟེ་བར་རྩ་བརྒྱད་ཤིང་བརྒྱ་དོ།། སྙིང་ཀར་རྩ་བརྒྱད་ཕྱོགས་སྐྱོང་བརྒྱད།། མགྲིན་པར་རྩ་བརྒྱད་ཀླུ་བརྒྱད་དེ།། སྤྱི་བོར
55a4 རྩ་བརྒྱད་ཆར་སྤྲིན་བརྒྱད། ། གསང་བར་རྣམ་རྟོག་མི་མངའ་རྟགས།། དུར་ཁྲོད་བརྒྱད་ནི་གསང་བར་གནས།། ཐམས་ཅད་བདེ་བར་སྣང་བའི་ཕྱིར།། གསང་བར་ཤིང་བརྒྱད་ཡང་དག་གནས།། ཕྲ་བའི་མཚན་མའི་རྣམ་རྟོག་གི། གདུག
55a5 པའཇོམས་ཕྱིར་ཀླུ་བརྒྱད་དགོད། ། དེ་བས་བདག་སྤྱོད་གཞན་སྦྱོར་བས།། དེ་ཡི་ཕྱིར་ན་ཆར་སྤྲིན་དགོད།། དེ་ནས་བཞི་པའི་དུར་ཁྲོད་ཀྱང་།། རྣམ་ཤེས་བརྒྱད་ནི་དེ་ཉིད་བརྒྱད།། དུར་ཁྲོད་བརྒྱད་དུ་ངེས་པའོ།། དུར་ཁྲོད་སོགས་བརྒྱད་དེ
55a6 ཉིད་ཤིང་། ལྷག་མ་གསུམ་དང་ཚོར་ཚོགས་ལྔ།། བརྒྱད་ནི་ཕྱོགས་སྐྱོང་བརྒྱད་དུ་ངེས།། ཉོན་མོངས་དྲུག་དང་དེ་ཡི་གཉིས།། བརྒྱད་པོ་དག་ནི་ཀླུ་བརྒྱད་དོ།། ལྔ་དང་བཞི་དག་གསུམ་དག་ནི།། དེ་དག་བཞི་པའི་ཆར་སྤྲིན་བརྒྱད།། གཟུང
55a7 འཛིན་ནམ་རྟོག་མི་མངའི་རྟགས། ། བཞི་པ་ཡི་ནི་དུར་ཁྲོད་བརྒྱད།། སྟོབས་སོགས་མཁྱེན་པའི་ཡོན་ཏན་རྒྱས།། རྟགསུ་ཤིང་བརྒྱད་ངེས་པའོ།། རྣམ་རྟོག་གདུག་པ་འདུལ་བ་ཡི།། རྟག་སུ་ཀླུ་བརྒྱད་ངེས་པའོ།། གཟུགས་སྐུ
55a8 གཉིས་ཀྱི་སེམས་ཅན་གྱི། ། དོན་མཛད་རྟགསུ་ཆར་སྤྲིན་བརྒྱད།། ཕྱོགས་སྐྱོང་བླ་མའི་ཞལ་ནས་ཤེས།། དེ་དག་ཀུན་གྱི་བྱེ་བྲག་ཀྱང་།། བླ་མའི་ཞལ་ནས་ཤེས་པར་བྱ།། རྒྱུན་ཆགས་ཕྱི་ནང་རྒྱུད་ཅེས་བྱ།། རྒྱལ་པོ་ཁྱད་པར་འཕགས།




iiif viewer powered by OpenSeadragon

54b - 55b

Texts on this page

Q47 - dpal dur khrod rgyan pa'i rgyud kyi rgyal po