e-texts navigator
Collection
Volume
Page
Wylie

54a1 ནས། དྲར་ཁྲོད་གང་ལགས་རྒྱན་གང་ལགས།། རྒྱུད་ནི་གང་ལགས་རྒྱལ་པོ་གང།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ལེགས་རྡོ་རྗེ་སྙིང་པོ་ལགས།། ལེགས་པར་ཉོན་ལ་ལེགས་པར་བཟུང་།། དང་པོར་དྲང་ཁྲོད་བཤད
54a2 བྱ་སྟེ། ། དུར་ཁྲོད་སྦྱི་ད་ངདབྱེ་བྲག་གནས།། གཞལ་ཡས་ཁང་གི་ཕྱི་རོལ་ཏེ།། རྡོ་རྗེར་བའི་ནང་རོལ་དུ།། འཇིགས་པ་ཆེན་པོ་སྤྱི་ཡི་གནས།། བྱེ་བྲག་ཤར་ལ་སོགས་པ་སྟེ།། སྣོད་ཀྱི་ཞེན་པ་བཟློག་པ་ཡང་།། ལྕགས་རི་ནག་པོ་ཚུན་ཅད།
54a3 རྡོརྗེ་རབས་དེ་ཉིད་དོ།། ཆེན་པོ་ཁྲུ་ནི་ཉི་ཤུ་སྟེ།། ཆུང་བ་ཁྲུ་གང་བན་ཆད་དོ།། དེ་ལས་གཞན་པ་དཀྱིལ་འཁོར་ནི།། ཚད་ལས་ངེས་པར་འདས་པའོ།། རྣམ་ཤེས་ཚོགས་བརྒྱད་རྣམ་རྟོག་བརྒྱད།། མི་མངའི་རྟག་སུ་དུར་ཁྲོད་བརྒྱད། ཕྱོགས
54a4 དང་ཕྱོགས་བྲལ་རྟག་ཏུ་དགོད། ། ཚོགས་བརྒྱད་ཡོན་ཏན་བརྒྱད་ལྡན་པའི།། རྟགསུ་ཤིང་བརྒྱད་རིམ་པས་དགོད།། དེ་བཞིན་གདུག་པ་བརྒྱད་བཅོམ་པའི།། རྟག་སུ་ཀླུ་བརྒྱད་རིམ་པས་དགོད།། ཚོགས་བརྒྱད་མི་དགེ་བཅུ་བཅོམ
54a5 པའི། ། རྟག་སུ་ཕྱོགས་སྐྱོང་རིམ་པས་དགོད།། ལུས་ངག་གཉིས་ཀྱིས་སེམས་ཅན་གྱི།། དོན་མཛད་ཕྱིར་ནི་ཆར་སྤྲིན་དགོད།། དེ་ཉིད་དུར་ཁྲོད་འཇིགས་པ་ཆེ།། ཐབས་དང་ཤེས་རབ་གཉིས་མེད་རྒྱུད།། རྣམ་རྟོག་ཟིལ་གནོན
54a6 བརྒྱད་པོར་བཤད། ། མཛེས་པའི་ཕྱིར་ན་རྒྱན་ཡིན་ནོ།། དེ་ཉིད་གསལ་བར་བྱ་བའི་ཕྱིར།། དང་པོར་དུར་ཁྲོད་བཤད་པར་བྱ།། ཤར་དུ་གཏུམ་དྲག་ནག་པོ་ཆེ།། ལྷོ་རུ་ཧ་ཧར་དགོད་སེར་ཆེ།། ནུབ་ཏུ་མི་བཟང་དམར་པོ་སྟེ།། བྱང་དུ
54a7 ཚང་ཚིང་ལྗང་ཀུ་ཆེ། ། མེ་རུ་གཡེར་ཀ་ཅན་ཡིན་ཏེ།། བདེན་བྲལ་འཚམསུ་འབར་བ་འཛིན།། རླུང་མཚམས་དམྱལ་སོགས་གནས་པ་སྟེ།། དབང་ལྡན་དུ་ནི་དབྱིབས་ཅན་དུ།། བྷུ་ཙ་རི་ཁེ་ཙ་ཤ་ནི།། ས་སྟེངས་ཤར་གྱི་ཕྱི་རུ་དགོད།།
54a8 བ་ཏ་ལི་དང་བཱ་ས་ནི།། ས་འོག་ནུབ་ཀྱི་ཕྱི་རུ་དགོད།། དུར་ཁྲོད་འདི་རྣམས་མཚན་ཉིད་ཀྱང་།། འབར་བ་ཚིག་དང་མ་ཚིག་སོགས།། ཀེང་རུས་ཐོད་པ་ལ་སོགས་དང་།། རོ་ལངས་འབྱུང་པོའི་ཚོགས་དང་བཅས།། ལྕེ་སྦྱང་སྒྲ་ཡིས




iiif viewer powered by OpenSeadragon

53b - 54b

Texts on this page

Q47 - dpal dur khrod rgyan pa'i rgyud kyi rgyal po