e-texts navigator
Collection
Volume
Page
Wylie

49a1 པར་དྲུག་པའི་རིགས། ། དེ་ནས་གཙོ་འཁོར་བྱེ་བྲག་ཀྱང་།། ཕྱག་དང་ཞབས་སོགས་ཁྱད་པར་གྱིས།། གཙོ་བོ་འཁོར་ལས་ཁྱད་པར་འཕགས།། དཔེར་ན་ཕ་རོལ་ཕྱིན་དྲུག་ལས།། ཤེས་རབ་ཕ་རོལ་ཕྱིན་མེད་ན།། ཕ་རོལ་ཕྱིན་པ་ལྔ་དག་གིས།།
49a2 རོལ་ཕྱིན་པའི་མིང་མི་ཐོབ།། དཀྱིལ་འཁོར་དབུས་སུ་གང་གནས་པའི།། དེ་ཉིད་ཀྱི་ནི་དཀྱིལ་འཁོར་ཏེ།། གང་ཞིག་དབུས་སུ་མི་གནས་ན།། འཁོར་རྣམས་དཀྱིལ་འཁོར་དུ་མི་འགྱུར།། དཔེར་ན་རྒྱལ་པོ་མེད་པ་ཡི།། གྲོང་དང་གྲོང་ཁྱེར་ཇི་བཞི་ནོ།། དེ་བཞིན་དམ
49a3 ཚིག་བྱེ་བྲག་ཀྱང་། ། རྩ་བའི་དམ་ཚིག་ཉམས་གྱུར་ན།། ཡན་ལག་དམ་ཚིག་དེ་དང་འདྲ།། ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན།། སྐུ་གསུང་དམ་ཚིག་དེ་དང་འདྲ།། སྲོག་གཅོད་དམ་ཚིག་ཉམས་གྱུར་ན།། བརྫུན་དང་མ་བྱིན་ལེན་པ་དང་།། འདོད་ཆགས་དམ་ཚིག
49a4 དདང་འདྲ། ། ལྟ་བའི་དམ་ཚིག་ཉམས་གྱུར་ན།། སྤྱོད་པའི་དམ་ཚིག་དེ་དང་འདྲ།། ཚུལ་འཆོས་མི་དགེ་མོས་པ་ཙམ།། དམ་ཚིག་ཉམས་པ་དེ་དང་འདྲ།། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་།། བྲལ་བའི་རིན་ཆེན་བདུན་པོ་དེ་དག་གིས།། འཁོར་ལོས་བསྒྱུར་བའི
49a5 མིང་ནི་མི་ཐོབ་བཞིན། ། བླ་མའི་ཞལ་ནས་ཐམས་ཅད་ཤེས་པར་བྱ།། དེ་ནས་སངས་རྒྱས་སེམས་ཅན་ཡང་།། རྡུལ་ཙམ་ཁྱད་པར་མེད་མོད་ཀྱང་།། རང་རིག་གཞན་རིག་རྐྱེན་དག་དང་།། རང་སེམས་ལས་སུ་རུང་བ་དང་།། མ་རུངས་པ་དང་ལས་ཀྱི་མཐའ།། ལོག་པ་དང་ནི།
49a6 མ་ལོག་པ།། དོན་བྱེད་ནུས་དང་མི་ནུས་པ།། ཡོངསུ་རྫོགས་དང་མ་རྫོགས་པས།། སངས་རྒྱས་སེམས་ཅན་གཉིས་སུ་སྐད།། ཐ་དད་པར་ནི་མི་རྟག་སྟེ།། ཆུ་ཁམས་གསེར་དང་ན་མཁའ་བཞིན།། རང་བཞིན་གྱིས་ནི་དག་པར་འདོད།། རང་སེམས་རང་གིས་རྟོགས་པ
49a7 སེམས་ཅན་གདོད་ནས་སངས་རྒྱའོ། ། རྡོ་རྗེ་ཕག་མོས་ཡང་ཞུས་པ།། སྲོག་གཅོད་ལ་སོགས་དམ་ཚིག་གི། དབྱེ་བ་ཁྱོད་ཀྱིས་བདག་ལ་གསུངས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རང་གི་ལུས་ངག་སེམས་གཡོས་ཀྱང་།། གསོད་པའི་འདུ་ཤེས་མ
49a8 སྐྱེས་ན། ། སྲོག་གཅོད་ཉམས་པ་ཆུང་ངུར་དེས།། གཞན་གྱིས་གནོད་པར་ཚོར་བདག། ཉམས་པ་འབྲིང་དུ་གསུངས་པ་ཡིན།། དེ་ལས་བཟློག་པ་ཆེན་པོར་དེས།། གང་ཞིག་མ་བྱིན་ཆུང་བླངས་ཀྱང་།། གཞན་ལ་ཉོན་མོངས་ཆེར་སྐྱེས་ན།། དེ་ཉིད་ཉམས་པ་འབྲིད




iiif viewer powered by OpenSeadragon

48b - 49b

Texts on this page

Q44 - dpal rdo rje mkha' 'gro gsang ba'i rgyud kyi rgyal po