| | e-texts navigator
|
46b1 བསྐྱེད། ། དོན་དམ་སེམས་ཀྱི་ལས་ཡིན་ཏེ།། ལས་ཀྱི་དབྱེ་བ་མ་སྤངས་པ།། འདི་དག་མ་སྤངས་ཉི་ཤུ་བརྒྱད།། བུམ་པའི་དབང་དང་འབྲེལ་བའོ།། གསང་དབང་བླ་མའི་ཞལ་ནས་བླང་།། གཞི་པའི་མ་སྤངས་ཉི་ཤུ་བརྒྱད།། རང་རིག་ལྷན
46b2 ཅིག་སྐྱེས་པ་ཡི། ། ཆོས་ཉིད་མ་དག་བཞི་པའི་རྒྱུ།། ཞལ་གྱི་མན་ངག་རྐྱེ་ན་མ་སྤངས།། འགྲོ་བའི་ཆོས་རྣམས་རང་རིག་མེས།། བསྲེགས་པ་ལས་མ་སྤངས་པ་ཡིན།། གོང་འོག་རིམ་པས་དབྱེ་མ་སྤངས།། ཨ་བ་དྷཱུ་ཏཱི་འོག་མིན་གནས།།
46b3 གནས་དང་གནས་ཆེན་མ་སྤངས་པ།། དེ་ཉིད་ཕྱི་དང་ནང་དུ་ངེས།། ཕྱ་ནང་དབྱེ་བ་མ་སྤངས་པའོ།། སྟོང་པ་དང་ནི་གཟུང་འཛིན་ཆར།། འཕོ་བ་མ་སྤངས་ཨ་དང་ཧ།། རྟེན་མ་སྤངས་ཏེ་རྟོག་པ་ལ།། སེམས་འཕྲོས་དེ་ཉིད་རང་རིག་བསྒོམ།།
46b4 ཤོར་བ་མ་སྤངས་པར་རིག་ལ།། དབང་པོའི་སྒྲོ་བསྡུ་ངོ་མ་སྤངས།། རྟོག་བཅོམ་གཉེན་པོ་མ་སྤངས་པ།། རང་རིག་སྤྱི་ལ་སེམས་དཔའ་ལས།། སྔོན་འགྲོ་མ་སྤངས་མ་སྤངས་བརྒྱང་།། བླ་མའི་ཞལ་ནས་ཤེས་པར་བྱ།། སྤྱི་དང
46b5 རང་གི་མཚན་ཉིད་ལ། ། འཕོ་བམ་སྤངས་རང་རིག་པ་སྒོམ།། ཕྱག་རྒྱ་མ་སྤངས་རང་རིག་ལས།། ཕྲིན་ལས་ཉི་ཤུ་རྩ་བཞི་འབྱུང་།། ལས་མ་སྤངས་ཏེ་གཞན་རྣམས་ནི།། བླ་མའི་ཞལ་ནས་ཤེས་པར་བྱ།། དད་མེད་བླ་མ
46b6 མ་རྟེན་དང་། ། བླ་མ་དམ་པ་མ་རྙེད་དང་།། མ་སྤངས་ངོ་བོ་མ་ཤེས་པར།། རང་རིག་འབྲས་བུ་གང་འདོད་པ།། དེ་དག་མི་ཤེས་དྲི་མས་བསྒྲིབས།། དཔེར་ན་སྦྲུལ་གྱི་འོ་མ་བཞིན།། དེ་ནས་ངེས་པ་བཅཝ་ལྔ་ཡང་།། རྒྱུ་དང་རྒྱན་དང
46b7 གནས་དང་ཡང་། ། གཏང་བགོ་རིམས་གྲངས་དང་རིམ།། ངེས་པ་བདུན་ནི་གཞན་དུ་གསུངས།། སྔགས་ནི་སྤོས་བཅས་སྤྲོས་མེད་དེས།། ན་ཤི་རེག་ཏུ་ལུས་ནི་སཏི་ག་ཡྀནི་གོང་འོག་ཁྱད་པར་ངེས།། སུན་འབྱོར་གཉེན
46b8 པོ་ངེས་པ་དང་། ། ངོ་བོ་ངེས་དང་དབྱེ་བ་དེས།། ལས་ངེས་པ་དང་བཅཝ་ལྔ་སྟེ།། དེ་ལས་བྱུང་བའི་ངེས་པ་དག། བཅུ་བདུན་བླ་མའི་ཞལ་ནབ་ཤེས།། མ་སྤངས་པ་དང་ངེས་པ་ཡི།། མཚན་ཉིད་ཡོངས་སུ་ཤེས་གྱུར་ན།། འཁྲུལ་པ
iiif viewer powered by OpenSeadragon
46a - 47a