| | e-texts navigator
|
20b1 དམན་པའི་སྟོབས་ཀྱིས་ཟིན་པ་སྟེ།། རྒྱལ་པོ་དམངས་སྲབབས་པ་བཞིན།། དེ་ཉིད་ལས་གྱི་བདུད་ཀྱིས་ཟིན།། རྒྱལ་པོ་རྒྱལས་ཤོར་བ་བཞིན།། བཞི་པ་དང་འབྲེལ་བདྲུད་བཞིན།། གསུམ་པའི་གནོད་དང་ལྡན་པ་ལ།
20b2 བཞི་པའི་ལབ་སྟོད་བླ་མ་ནི།། ལྷ་ཡི་བཱ་ཡི་བདུད་ཡིན་ཏེ།། བདུད་གསུམ་བླ་མའི་ཞལ་ནས་ཤེས།། སྡོད་མི་ན་གསང་བསྒྲོགས་པ་དང་།། མར་དང་ཁར་ལ་སོགས་པ།། འཐུངས་ཏེ་མའུ་དྲག་འགྱུར་བཞིན།། འད་པར་བདུད
20b3 ཀྱིས་ཟིན་པ་སྟེ། ། རིགས་ངན་རྒྱལ་ས་འཛིན་པ་འདྲ།། དབང་དང་གདམ་དག་འབྲེལ་བཅས་པའི།། བདུད་འཇོམས་ལམ་གྱི་སྟོབས་དང་ལྡན།། ཡེ་ཤེས་ལྔ་འམ་ཡོན་ཏན་དྲུག། ལྡན་པ་དག་དུ་རབ་ཏུ་གྲགས།། བླ་མ་གཅིག
20b4 ལ་སྣོང་གཅུད་གཉིས། ། ཐོབ་ན་དེ་ཉིད་དམ་པ་སྟེ།། བླ་མ་གཅིག་ལ་དབང་ཐོབ་ནས།། བླ་མ་གཅིག་ལ་མཉན་པར་བྱ།། བླ་མ་རྣམ་པ་གཉིས་སུ་གསུངས།། བྱི་ཡི་བླ་མ་དེ་ཉིད་དེ།། ནང་གི་བླ་མ་བདག་པོའི་ལྷ།། བདུད་དདང
20b5 དགྲ་ཡི་སྡེ་རྣམས་ཀུན། ། ཐམས་ཅད་འཇིགས་ཤིང་སྐྲག་བྱེད་པས།། འཇིགས་པ་ཞེས་ནི་གསུངས་པ་སྟེ།། དགྲ་དང་བདུད་ཀྱི་གཡུལ་ལས་རྒྱལ།། དམིགས་པ་ལྷ་སོགས་བདུན་དང་ལྡན།། དེ་ཕྱིར་ཆེན་པོ་ཞེས་ནི་གསུང
20b6 དེའི་ཚེ་འཁོར་འདས་པ་དེ་དག་དང་། ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་དང་།། ཐམས་ཅད་ཆུད་ལ་དག་ཤིང་མགྲནས་རྗེས་སུ་ཡིད་རང་བར་གྱུར་ཏོ།། དཔལ་ནམ་མཁའ་ཆེན་པོའི་དྲུང་ཀྱི་རྒྱལ་པོ་རྫོགས་སོ།།
20b7 རྟ་ག་དག་མཁན་པོ་གཱ་ཡ་དྷ་ར་དང་།། ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ། རྒྱ་གརཿད་དྱ། ཤཱི་ཀཱ་ཡ་ཐཱ་ག་ཏན་རྫ་དང་། བོད་སྐད་དུ།། དཔལ་སྐུ་གསུང་ཐུགས་ཀྱི་རྒྱུད་ཀྱི་རྒྱལ་པོ།།
20b8 དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་འདོད་ཆགས་ཆེ།། མཆོག་གྱུར་འདི་ལ་ཡང་དག་གནས།། མགོན་པོ་ཐུགས་རྗེ་ཆེ་ལྡན་པ།། ཁྱོད་ཀྱིས་བདག་ལ་བཤད་དུ་གསོལ།། རྡོ་རྗེ་འཛིན་པས
iiif viewer powered by OpenSeadragon
20a - 21a