e-texts navigator
Collection
Volume
Page
Wylie

8a1 བརྒྱད་འདི་བརྗོད་པས། ས་འོགས་སྟེང་བར་སྣང་ལ་གནས་པ་ཀ་དང་ཀླུ་གཞན་རྣམས་ཡོན་བདག་དང་མཐུན་པར་གྱུར་ཅིག། གཞན་ཡང་ཤིང་གི་ལྷ
8a2 གཟི་བརྗིད་འོད་ལྡང་མ་དང་། སྨན་གྱི་ལྷ་མོ་གྲུབ་པའི་བློ་གྲོས་དང་། སའི་ལྷ་མ་བསྟན་པ་མོ་དང་། ས་འཛིན་ལག་པ་ཆེན་པོ་དང་། ཀླུའི་རྒྱལ་པོ་རབ་བརྗིད་དང་། མངའ་བདས
8a3 ཆེན་པོ་འདི་ལྔ་ལ་སོགས་པ་རྣམས་ཀྱིས་ཀྱང་ཐབ་དང་གཞོབ་མ་སྩོལ་ཅིག། ཁམས་གསུམ་ན་གནས་པའི་སེམས་ཅན་རྣམས་བདེ་ལེགས་སུ་གྱུར་ཅིག། དགེ་སྟོབས་ཆེ་བར
8a4 མཛད་དུ་གསོལ། འཕགས་པ་སྣང་བརྒྱད་ཀྱི་མདོ་སྡེ་འདི་རྒྱ་ཆེར་སྟོན་ལ་སྔགས་པར་བགྱིས་སོ།། ཡང་དག་པར་སྟོན་ནོ།། གསལ་བར་བརྗོད་དོ།། གསུང་འདི་བསྒྲགས་པའི
8a5 བྱིན་རླབས་ཀྱིས་ས་བདག་ལྷ་ཀླུ་ཀུན་དགའ་ཞིང་ཡི་རང་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཞི་བ་དང་བདེ་ལེགས་སུ་གྱུར་ཅིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས
8a6 བཀའ་སྩལ་པ་དང་། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ཐོགས་པ་མེད་པ་ལ་སོགས་པ། ལྷ་དང་མི་དང་ལྷ་མ་ཡིན་དང་། ཀླུ་དང་གནོད་སྦྱིན་ལ་སོགས་པ་འཁོར
8a7 ཐམས་ཅད་རྗེས་སུ་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཤུས། བདག། བཀྲ་ཤིས།




iiif viewer powered by OpenSeadragon

7b - 8b

Texts on this page

Ng52.155 - 'phags pa gnam sa snang brgyad ces bya ba theg pa chen po'i mdo