| e-texts navigator |
| Wylie |
2b1 ཞེན་ཆེས་ན།། བསགས་པ་གཞན་གྱིས་འཁྱེར་དུ་མཆི།། སྦྲང་བུས་སྦྲང་རྩི་བསགས་པ་དེ།། དེ་དག་གཞན་གྱིས་སྤྱོད་པར་བྱེད།། གར་སྐྱེ་སུ་ལ་འང་ཆ་མེད་ཀྱིས།།
2b2 རང་གི་ལུས་ལ་དཔེ་ལོང་ལས།། གཞན་གྱི་ལུས་ལ་གནོད་མ་བྱེད།། འབད་པ་མེད་པའི་ཏིལ་དག་ལ།། ཏིལ་མར་འབྱུང་བར་ག་ལ་འགྱུར།། དཔེར་ན་གྲོ་སྲ
2b3 ས་བོན་ལས།། འབྲས་བུ་ནས་སུ་ག་ལ་འགྱུར།། ལེགས་པར་སྤྱད་ན་དཔལ་དུ་ཆེ།། ཉེས་པར་སྤྱད་ན་བྱུང་དུ་ཆེ།། སོ་སོ་སྐྱེ་བོ་བློ་ངན་པ།། མུ་སྟེགས་ལ་ནི་ཡིད
2b4 ཆེས་ཤིང་།། ལས་ཀྱི་དོན་དུ་མཚན་མ་སྤྱོད།། མཚན་མས་གྲོལ་བར་ག་ལ་འགྱུར།། དཔེར་ན་སྤུར་འགྲོ་འདོད་པ་ལ།། བལ་མདུང་ནང་དུ་འཐུམས་པ་བཞིན།། སུག
2b5 དྲུག་བསྐྱོད་པས་ཕྱི་ཕྱིར་དམས།། མོ་བོན་དག་ལ་སྲིད་མ་ལྟོས།། འདྲེ་སྲིན་དག་ལ་ཡས་མ་འབོད།། བདུད་དང་བགེགས་ལ་སྐྱབས་མ་འཆོལ།། སྐྱེ་ཤིའི་མགོན་དུ
2b6 སངས་རྒྱས་བཟང་།། སྡུག་བསྔལ་སྐྱབས་སུ་དམ་ཆོས་བཟང་།། འཇིགས་པའི་མགོན་དུ་དགེ་འདུན་ཆེ།། བློ་བཏད་དཀོན་མཆོག་གསུམ་ལ་གྱིས།། ཡང་དག་བདུད་རྩི
2b7 སྨན་རྣམས་འཐུང་།། ལོག་པར་ལྟ་བའི་དུག་མ་འཐུང་།། བྱིས་པ་གཞོན་ནུའི་བསམ་པ་ལ།། གཞོན་ནུ་རྟག་པར་འདུག་སྙམ་སྟེ།། བྱིས་པ་གཞོན་ནུ་ཡོངས་མི་རྟག་ཞག་ཟླ
2b8 ཟད་ཀྱི་ན་རྒས་ལ་ཉེ།། གསོད་སར་ཁྲིད་པའི་བཙོན་བཞིན་དུ།། གོམ་རི་བོར་ཞིང་འཆི་ལ་ཉེ།། དེ་རང་སང་འཆི་ཆ་མེད་ཀྱི།། ད་ལྟ་ཉིད་དུ་སྐུར་ཏེ་མཛོད།། དེང་འཆི