e-texts navigator
Collection
Volume
Page
Wylie

1b1 རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པ་ར་མི་ཏཱ་ནཱ་མ་ཨཥྨཱ་ཤ་ཏ་ཀ་ན། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི
1b2 ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ།། འདས
1b3 དང་མ་བྱོན་ད་ལྟར་གྱི།། རྒྱལ་བ་གང་ལགས་དེ་ཀུན་གྱི།། ཡུམ་ནི་དགེ་མ་ཁྱོད་ལགས་ཏེ།། ཁྱོད་ནི་ལྷ་མོ་རྒྱལ་བའི་སྲས།།
1b4 རང་བཞིན་མེད་པའི་རང་བཞིན་ཅན།། སངས་རྒྱས་ཡུམ་གྱུར་དེ་ཡི་མཚན།། དགེ་མ་བདག་གིས་བརྗོད་པར་བྱ།། འབྱོར
1b5 པར་འདོད་པས་མཉན་པར་གྱིས།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐམས་ཅད་མཁྱེན་པ་ཉིད་དང་། ལམ་གྱི་རྣམ་པ
1b6 ཐམས་ཅད་མཁྱེན་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་དང་།
1b7 མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། བདེན་པ་དང་། དེ་ཁོ་ན་དང་། ཡང་དག་པ་དང་། བྱིན




iiif viewer powered by OpenSeadragon

1a - 2a

Texts on this page

Ng52.18 - 'phags pa shes rab kyi pha rol tu phyin pa'i mtshan brgya rtsa brgyad pa zhes bya ba