| e-texts navigator |
| Wylie |
1b1 #། རྒྱ་གར་སྐད་དུ། སུ་བརྡ་བྷཱ་པ་སྨྲྀ་ཏཾ་གེ་ན་མ་དྷ་ར་ནི། བོད་སྐད་དུ། གསེར་འོད་རྔ་སྒྲ་ཞེས་བྱ་བའི་གཟུངས།
1b2 དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ནུབ་གཅིག་བདག་གི་རྨི་ལམ་ནོ།། སྟོང་གསུམ་ཐམས་ཅད་རྔ་སྒྲས་གང་།། དེ་དག་ཐམས
1b3 ཅད་གསེར་རྔ་སྟེ།། ཀུན་ཀྱང་རྔ་སྒྲ་བུར་དུ་རུ།། རྔ་སྒྲ་དེ་ལ་ཕར་ཉན་པས།། རྔ་དབྱངས་སྣ་ཚོགས་བསྒྱུར་ཞིང་འབར།། རྔ་འོད་འབར་བ
1b4 ཉིན་བཞིན་འཆར།། རྔ་སྒྲ་ཆེན་པོས་སྟེང་གསུམ་གཡོས།། གནམས་ཀུན་ཀྱང་འགུལ་ཞིང་ལྡེག། མཚོ་ཆེན་ཀུན་ཀྱང་འཁྲུག་ཅིང
1b5 རྙོག། རི་རབ་ཀུན་ཀྱང་སྙིལ་ཞིང་འཇིག། ཀླུ་ཕྲུག་ཀུན་ཀྱང་ཉམས་མི་བདེ།། བར་སྣང་ཀུན་ཀྱང་རབ་ཏུ་འཁྲུག། དེ་ལྟར་རྔ་འོད་རྣར
1b6 མཉན་པས།། ཇི་ལྟར་མཐུ་ཆེར་གཡུལ་གཡོ་བ།། འཇིག་རྟེན་མགོན་པོ་སུ་ཡི་མཐུ།། ཕྱོགས་བཅུའི་ཁམས་སུ་པར་བལྟས་པས།
1b7 ཁམས་གསུམ་དེ་དག་ཐམས་ཅད་ན།། སཱ་ལའི་ཤིང་དྲང་རེ་རེ་ན།། རིན་ཆེན་སྟེགས་བུ་མཐོ་ཚད་དུ།། བཙུན་པ་སངས་རྒྱས་རེ་རེ་བཞག