e-texts navigator
Collection
Volume
Page
Wylie

8a1 བསམ་པ་ངན་པ་དང་། སྦྱོར་བ་རྩུབ་མོ་བྱེད་པ་དང་། སྦྱིན་སྲེག་བྱེད་པ་དང་། གྱི་མ་ཤར་སྐོར་བ་དང་། གནན་གཏད་དུ་བཅུག་པ་དང་། གནོད་པར་བྱེད་པ་ཐམས
8a2 ཅད་ཀྱི་མཐུ་དང་། ནུས་པ་ཐམས་ཅད་བཅིངས་སོ།། གཟིར་རོ།། མནན་ཏོ།། གནོད་བྱེད་ཐམས་ཅད་སརྦ་བྷི་ཟློག་གོ།། ཕྱིར་ཟློག་པ་ངན་སྔགས་ཀྱི་འཁོར་ལོ་འདི་ནི་རྨི་ལམ
8a3 ངན་པ་དང་། མཚན་མ་ངན་པ་དང་། ཆོ་འཕྲུལ་སྣ་ཚོགས་བྱུང་བ་དང་། ནད་ཡམས་ཆེན་པོ་བྱུང་བ་དང་། ལྷ་འདྲེའི་དལ་འ་གཡོས་པ་དང་། རྒྱན་ཁ་གཡོས་པ་དང་། སྤྱད་མཁན
8a4 གྱི་གྱིམ་ཤང་སྐོར་བ་དང་། བྱོལ་ལྷོ་གཏོང་བ་དང་། བན་བོན་གྱི་མནན་གཏད་དུ་བཅུག་པ་དང་། སྔགས་པའི་ཕུར་པས་འབྲུབ་པ་དང་། པུར་ཁ་དྲག་པོ་གནོད་པ་དང་། དེ་རྣམ
8a5 གང་བྱུང་ཡང་ནང་ནུབ་བམ། དགོངས་དམར་ཐག་ཆད་ཚུན་ཆོད་ལ། ཉ་སྟོང་དུས་བཞི་ལ་དྲག་པོའི་སྔགས་རྒོད་འདི་ཉི་ཤུ་རྩ་གཅིག་གམ། ཡང་ན་བཅུ་བཞི་འམ། ལན
8a6 བདུན་ཏོན་པར་གྱུར་ན། ཕུར་ཐོགས་སྟོང་གིས་བསྒྲུབས་ཀྱང་གནོད་པར་མི་འགྱུར་རོ།། བཟླས་པས་རི་གཟར་གྱི་རྦབ་ཀྱང་གྱེན་དུ་ཟློག་གོ།། པས་ཀྱི་ཟོད་ཏོང་སྤོས་ཅི
8a7 དགོས་ཞེས་གསུངས་སོ།། བསྲུང་ཟློག་སྒྲགས་མིའི་གཙུག་ཏོར་རྣམ་པར་རྒྱལ་བའི་སྔགས་འབུམ་འདི་སློབ་དཔོན་པདྨས་གསུངས་པའོ།། འདི་ལས་ལྷག་པའི་ཟློག་པ་ནི
8a8 མི་གཟུགས་ཀྱིས་གཏུམས་ནས་སུ།། འཇིག་རྟེན་མ་ལུས་བཙལ་གྱུར་ཀྱང་།། དྲེད་པར་གྱུར་རིན་ཀན།། དེ་བས་འདི་ཉིད་ཁོ་ནའོ།། ཞེས་གསུངས་སོ།། མངྒ་ལ།། གཅིག་ཞུས།




iiif viewer powered by OpenSeadragon

7b - 8b

Texts on this page

Ng52.144 - phyir zlog pa ngan sngags kyi 'khor lo zhes bya ba