| e-texts navigator |
| Wylie |
1b1 རྒྱ་གར་སྐད་དུ། པ་ཏྲ་གི་ར་ར་མནྟ་བྷི་རྦ་ཙཀྲན་མ། བོད་སྐད་དུ། ཕྱིར་ཟློག་པ་ངན་སྔགས་ཀྱི་འཁོར་ལོ་ཞེས་བྱ་བ།། ཁྲོ།
1b2 བོ་ཕྱིར་ཟློག་པ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ།། གང་དག་བདག་ལ་མི་ཕན་པར་འདོད་པ་དང་། ལོག་པར་ལྟ་ཞིང་རྣམ་པར་སྡང་བ་དང
1b3 གནོད་པར་སེམས་ཞིང་བསམ་སྦྱོར་ངན་པ་དང་། བྱེད་དུ་བཅུག་ཅིང་ཁམ་ལ་འདེབས་པ་དང་། ཟོད་གཏོང་བྱེད་ཅི་སྤོད་ངན་སློབ་དང་།
1b4 མནན་གཏད་བྱེད་པ་དང་། སྦྱིན་སྲེག་བྱེད་པ་དང་། ཐུན་ཟོར་འཕེན་པ་དང་། གནོད་སེམས་བྱེད་པ་ཐམས་ཅད་བསལ་དུ་གསོལ།། མེད
1b5 པར་མཛད་དུ་གསོལ།། རྣམ་པར་འཇོམས་དུ་གསོལ།། ཕྱིར་ཟློག་ཏུ་གསོལ།། ཉིན་དང་མཚན་དུ་བསྲུང་ཟློག་མཛད་དུ་གསོལ།། ཨོཾ
1b6 ཨ་ཧྲི་ཨུཥྞཱི་ཥཱཾ་བི་ཛ་ས་ན་ཙཀྲ་ཝརྟི། སརྦ་ལོ་ཀི་བྲུཾ་བྲུཾ་དྲུཾ་དྲྀ། ཏི་སྟ་ར་ལོ་ཀི་སྐོར། ཡནྟ་མནྟ། བི་ཤད་ཙེ་ར་ཎ། ཙུརྡྷ་པྲྀ་ཡོ་ག་ཡེ་ན་ཀེ་ན
1b7 མ་ར་ཀེ་ཏ་ཀེ་ར་ཎི། ཤནྱཱ་ཏེ་ན་སརྦ་ལེ་ཀི་ཀཾ་པ་ཡ་ཀ~ཾ་པ་ཡ། ཧན་ཧ་ན། པཱ་ཙཱ་པ་ཙ། བྷི་ཙུན་པྲ་ཏ་པ་ཏ། བི་དྷྭཾ་ས་ཡ། ཚིནྡྷ་ཚིནྟུ། ཥིནྡྷ