| e-texts navigator |
| Wylie |
3b1 ན།། མཛེ་དང་ཤུ་བ་གཡན་པ་ནི།། ཀླ་མོ་སྤུས་འགྲོའི་གདོན་ཡིན་པས།། བྱེ་ཁྱུང་ཧེ་ཡིས་རིག་སྔགས་བཅད།། དྲང་སྲོང་རྒན་པོའི་ཕུར་བུས་གདག། ཧོ་ན་ག་ལེ་ཛར
3b2 ཙཧཱུ་དྲྀ། ཧུ་སྭཱ་ཧཱ་ཡཱ་ཀཱི་ལ་ཡ་བྷྱ་ཕཊ། སེམས་ལ་ཡེང་ཡེང་སེང་སེང་བྱེད།། རོ་སྟོད་མནན་པ་སྔམ་བྱེད་ཅིང་། ཁ་སོན་པའི་ནད་རྣམས་ནི།། གནོད་སྦྱིན་ནག་པོའི
3b3 གདོན་ཡིན་པས།། རྣམ་ཐོས་སྲས་ཀྱིས་རིག་སྔགས་བཅད།། བུམ་སྣ་དམར་པོའི་པུར་བུས་གདབ།། ཧེ་ས་བཾ་མ་ཐི་ཁ་ཁ་ར་ག་ཧཱུཾ་དྲྀ། ཁ་རག་ག་ད་ར་ཏ་ཀཾ་ལ་ཡེ་བྷྱ
3b4 ཕཊ། ཤུ་བ་བྲུམ་བུ་ན་བ་དང་།། ཤ་ལུས་ན་འམ་གཡན་པའི་ནད་རྣམས་ནི།། ནམ་གྲུ་སྐྱོང་བྱེད་རོ་ལངས་གདོན་ཡིན་པས།། གཤིན་རྗེ་ཐོགས་མེད་རིག་སྔགས་བཅད།
3b5 མགྲིན་བཟང་དམར་པོའི་ཕུར་བུས་གདག། ངེ་ས་མ་ཏི་ཧཱུཾ་དྲཱ། པྲ་ཏ་ཀཱི་ལ་ཡེ་བྷྱ་ཕཊ། འཇིགས་ཤིང་བྱ་སངས་ཁྱེར་བ་དང་།། ཟོ་རངས་བྱ་བྱོ་བྱེད་པ་ནི།། ནམ་གྲུ་ཧེ་ལི
3b6 གདོན་ཡིན་པས།། ཡ་མ་ཧེ་ཡིས་རིག་སྔགས་བཅད།། འདོད་པ་དམར་པོའི་ཕུར་བུས་གདབ།། ར་དུ་ན་ཧཱ་བཱ་ད་རུ་ན་ཧཱུཾ་དྲྀ། ཀཽ་མ་རེ་ཀཱི་ལ་ཡེ་བྷྱཿཕཊ། ཁྲག་དུ་ན་དང་ལྕི
3b7 བ་དང་།། མིག་ལ་རབ་རིབ་མི་མཐོང་བ།། ནམ་གྲུ་ཁྱུང་གཤོག་གདེན་ཡིན་པས།། ཁྲོ་བོ་ཧཱུ~ཾ་གིས་རིག་སྔགས་བཅད།། འཁོར་ལོ་འབར་བའི་ཕུར་བུས་གདབ།། པྲ་རི་ཏྲ
3b8 དུན་བྷྱཿཕཊ། པྲ་མ་ན་ཎ་ཀཱི་ལ་ཡ་ཧཱུཾ་དྲུཾ། གཡས་པའི་ལག་པ་གཟིར་བ་དང་།། དཔུང་མགོ་གཡས་སུ་གཟེར་བའི་ནད།། ལག་གཅིག་ཉབ་པའི་གདོན་ཡིན་པས།། ཁྲོ་བ