| e-texts navigator |
| Wylie |
4a1 གནས་སྲིད་ན།། ཡུམ་ཆེན་མཱ་མ་ཀི་ཡིས་ཆེ་སྩོལ་སྲོག་སྐྱོབས་ཤིག། ཚེ་འདི་མེ་ལ་གནས་སྲིད་ན།། ཡུམ་ཆེན་ན་བཟའ་དཀར་མོས་ཆེ་སྩོལ་སྲོག་སྐྱོབས་ཤིག།
4a2 ཚེ་འདི་རླུང་ལ་གནས་སྲིད་ན།། ཡུམ་ཆེན་དམ་ཚིག་སྒྲོལ་མས་ཆེ་སྩོལ་སྲོག་སྐྱོབས་ཤིག། ཚེ་འདི་ནམ་མཁའ་ལ་གནས་སྲིད་ན།། ཡུམ་ཆེན་ཀུན་ཏུ་བཟང་མོས་ཆེ་སྩོལ་སྲོག་སྦྱོང
4a3 ཤིག། ས་ཡི་སྙིང་པོ་གསེར་ལ་བསྡུ།། གསེར་ལ་ཚེ་ཡི་རྟེན་མཆིས་སོ།། ཆུ་ཡི་སྙིང་པོ་ཆུ་ལ་བསྡུ།། ཚལ་ཆེ་ཡི་རྟེན་མཆིས་སོ།། ཤིང་ཐོག་སྙིང་པོ་མངར་ལ་བསྡུ།། མངརལ་ཆེ།
4a4 ཡི་རྟེན་མཆིས་སོ།། རྩི་ཐོག་སྙིང་པོ་མར་ལ་བསྡུ།། མར་ལ་ཆེ་ཡི་རྟེན་མཆིས་སོ།། འབྲུ་ཐོག་སྙིང་པོ་ཏིལ་ལ་བསྡུ།། ཏིལ་ལ་ཆེ་ཡི་རྟེན་མཆིས་སོ།། སྲོག་གི་སྙིང་པོ་ནཱི་ལ་བསྡུ།
4a5 ནཱི་ལ་ཆེ་ཡི་རྟེན་མཆིས་སོ།། བྲུཾ་གཡུ་གཡུ་བྲུཾ། སྦའོ་སྦའོ་ཆེ་སྒྲའོ།། ཆོས་ཀྱི་དབྱིངས་སུ་ཚེ་སྦས་པས།། དུས་གསུམ་སངས་རྒྱས་དགྲར་ལངས་ཀྱང་།། དེ་ལ་བཟུང་ཞིང་རྟག་ཏུ
4a6 མེད།། ཕྱག་རྒྱ་བདུན་གྱིས་རྒྱས་འདེབས་སོ།། དང་པོ་ཆོས་ཀྱི་དབྱིངས་ཀྱི་རྒྱ།། གཉིས་པ་ཐབས་དང་ཤེས་རབ་རྒྱ།། གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ།། བཞི་པ་ཡེ་ཤེས་བཞི
4a7 ཡི་རྒྱ།། ལྔ་པ་སངས་རྒྱས་རིགས་ལྔའི་རྒྱ།། དྲུག་པ་དཔལ་ཆེན་རྟ་མགྲིར་རྒྱ།། བདུན་པ་གསེར་གྱི་ཟོར་བའི་རྒྱ།། ཕྱག་རྒྱ་བདུན་གྱི་རྒྱས་བཏབ་པོ།། སྤྱི་གཙུག་ཉི་ཟླའི་དཀྱིལ་འཁོ
4a8 དུ།། བཅོམ་ལྡན་རྣམ་པར་སྣང་མཛད་དང་།། དཀྱིལ་འཁོར་འཛིན་པའི་ཀུན་ཏུ་བཟང་།། དེ་ཡི་ཐུགས་རྗེའི་བྱིན་རླབས་ཀྱིས།། ཚེ་འདི་རབ་ཏུ་བརྟན་པར་མཛོད།། བུདྡྷ་ཀ་ལ་ཤ་ཨ