| e-texts navigator |
| Wylie |
3b1 ཡུམ་ནི་དམ་ཚིག་སྒྲོལ།། རིན་ཆེན་ཨིནྡྲ་ནཱི་ལའི་བུམ་པ་ལ།། རྡོ་རྗེ་ཆེ་ཡིས་བཀང་ནས་ཀྱང་།། སྤྱི་བོའི་གཙུག་ནས་དབང་བསྐུར་བས།། ཚེ་དབང་ཐམས་ཅད་རྒྱས་པར་མཛོད།།
3b2 ཨོཾ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ནམ་མཁའི་དབྱིངས་ནས་ཚེ་འཛིན་མ།། དེ་བཞིན་ཡུམ་ནི་ཀུན་ཏུ་བཟང་།། རིན་ཆེན་གསེར་གྱི་བུམ་པ་ལ།། རྡོ་རྗེ་ཆེ་ཡིས་བཀང་ནས་ཀྱང་།། སྤྱི
3b3 པོའི་གཙུག་ནས་དབང་བསྐུར་བས།། ཚེ་དབང་ཐམས་ཅད་རྒྱས་པར་ཤོག། ཨོཾ་སརྦཀས་སུ་དེ་བྱི་རིམ་ཧཱ་མ་རེ་ཤ་ཡ་སྭཱ་ཧཱ། ཤར་གྱི་ཕྱོགས་ནས་ཆེ་འགུགས་མ།། རྡོ་རྗེ་ལྷ་མ་ལྷན།
3b4 ཀྱུ་མ།། སྐུ་མདོག་དཀར་ལ་འོད་ཟེར་འཕྲོ།། ཕྱག་མཚན་ཕྱག་ན་ལྕགས་ཀྱུ་བསྣམས།། ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་ཁྲག་ཅིག། ལྷོ་ཡི་ཕྱོགས་ནས་ཆེ་འགུགས་མ།། ཆོས
3b5 ཀྱི་ལྷ་མོ་ཞགས་པ་མ།། སྐུ་མདོག་མཐིང་ཁ་འོད་ཟེར་འཕྲོ།། ཕྱག་མཚན་ཕྱག་ན་ཞགས་པ་བསྣམས།། ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཆེ་ཁུག་ཅིག། ནུབ་ཀྱི་ཕྱོགས་ནས
3b6 ཚེ་འགུགས་མ།། ཆོས་ཀྱི་ལྷ་མོ་ལྕགས་སྒྲོག་མ།། སྐུ་མདོག་དམར་ལ་འོད་ཟེར་འཕྲོ།། ཕྱག་མཚན་ཕྱག་ན་ལྕགས་སྒྲོག་བསྣམས།། ནུབ་ཕྱོགས་ཀླུ་གདོན་ལག་ནས་ཚེ
3b7 ཁྲག་ཅིག། བྱང་གི་ཕྱོགས་ནས་ཚེ་འགུགས་མ།། ལས་ཀྱི་ལྷ་མོ་དྲིལ་དཀྲོལ་མ།། སྐུ་མདོག་ལྗང་ལ་འོད་ཟེར་འཕྲོ།། ཕྱག་མཚན་ཕྱག་ན་དྲིལ་བུ་བསྣམས།། བྱང་ཕྱོགས
3b8 གནོད་སྦྱིན་ལག་ནས་ཆེ་ཁྲུག་ཅིག། ཚེ་ཐུག་ཡུ་བྲུཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་འདི་ས་ལ་གནས་སྲིད་ན།། ཡུམ་ཆེན་སངས་རྒྱས་སྤྱན་གྱིས་ཆེ་སྒྲོལ་སྲོག་སྐྱོབས་ཤིག། ཚེ་འདི་ཚུལ