e-texts navigator
Collection
Volume
Page
Wylie

3a1 ཡས་ཚེ་དཔག་མེད།། ཕྱག་རྒྱ་པདྨ་ལ་སོགས་པས།། ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས།། སྣང་མཛད་ཆེ་སྤེལ་སྲེག་སྐྱོབས་ཤིག། ཨ
3a2 བྲུཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། བཅོམ་ལྡན་དོན་ཡོད་གྲུབ་པ་ཚེ་དཔག་མེད།། ཕྱག་རྒྱ་རྒྱ་གྲམ་ལ་སོགས་པས།། ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས།། དོན་ཡོད་ཚེ་སྩོལ་སྲོག
3a3 སྐྱོབས་ཤིག། ཧ་བྲུཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། བདེ་གཤེགས་ལྔ་ཡང་ཚེ་དཔག་མེད།། ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས།། བདུད་དང་མུ་སྟེགས་ཀུན་བཅོམ་ནས། དཔལ
3a4 དང་གཟི་བརྗིད་འཕེལ་བར་མཛོད།། ཤར་གྱི་ཕྱོགས་ནས་ཚེ་འཛིན་མ།། རྡོ་རྗེ་ཡུམ་ཆེན་སངས་རྒྱས་སྤྱན།། རིན་ཆེན་ཤེལ་གྱི་བུམ་པ་རུ།། རྡོ་རྗེ་ཆེ་ཡིས་བཀང་ནས་ཀྱང་།།
3a5 སྤྱི་བོའི་གཙུག་ནས་དབང་བསྐུར་བས།། ཚེ་དབང་ཐམས་ཅད་བསྟན་པར་མཛོད།། ཨོཾ་རུ་རུ་ཕུ་རུ་ཛྭ་ལ་སིདྡྷི་སི་ཏ་ན་ལོ་ཙ་ནི་སྭཱ་ཧཱ། ལྕེའི་ཕྱོགས་ནས་ཚེ་འཛིན་མ།། རིན་ཆེན
3a6 ཡུམ་ནི་མཱ་མ་ཀི། རིན་ཆེན་བཻ་ཌཱུརྱ་ཡི་བུམ་པ་ལ།། རྡོ་རྗེ་ཚེ་ཡིས་བཀང་ནས་སུ།། སྤྱི་བོའི་གཙུག་ནས་དབང་བསྐུར་བས།། ཚེ་དབང་ཐམས་ཅད་རྒྱས་པར་མཛོད།། ཨོཾ་ཤད
3a7 ཀ་རེ་ཤང་ཀ་རེ་ཀུ་ཏ་ནི་ཀུ་ཏ་ནེ་སྭཱ་ཧཱ། ནུབ་ཀྱི་ཕྱོགས་ནས་ཚེ་འཛིན་མ།། པདྨ་ཡུམ་ཆེན་ན་བཟའ་དཀར།། རིན་ཆེན་རཱ་གའི་བུམ་པ་ལ།། རྡོ་རྗེ་ཚེ་ཡིས་བཀང་ནས་ཀྱང་།། སྤྱི
3a8 བོའི་གཙུག་ནས་དབང་བསྐུར་བས།། ཚེ་དབང་ཐམས་ཅད་རྒྱས་པར་མཛོད།། ཨོཾ་བི་ཀ་ཏ་བི་ཀ་ཏེ། ཀ་ཏ་ར་ཡ་བི་དེ་ཡ་སྭཱ་ཧཱ། བྱང་གི་ཕྱོགས་ནས་ཆེ་འཛིན་མ།། ལས་ར་།




iiif viewer powered by OpenSeadragon

2b - 3b

Texts on this page

Ng52.138 - 'phags pa tshe dpag tu med pa'i snying po tshe'i dbang bskur ba zhes bya ba'i gzungs