| e-texts navigator |
| Wylie |
2b1 སྐུ།། མཉམ་ཉིད་རྡོ་རྗེའི་སྒྲུབ་ཕྱག་འཚལ་ལོ།། གསུང་མཆོག་རྣམ་པར་དག་པའི་གསུང་།། གསུང་རབ་དམ་པ་སྤྲོས་དང་ཐལ།། ཡི་གེ་མེད་ཅིང་སྒྲ་སྤངས་པ།། སྤྲོས
2b2 མཽང་གསུང་ལ་ཕྱག་འཚལ་ལོ།། ཐུགས་ཉིད་རྣམ་པར་དག་པའི་ཐུགས།། ཐུགས་མཆོག་རྣམ་པར་རྟོག་པ་སྤངས།། ཆགས་མེད་ཡེ་ཤེས་མཁྱེན་པ་སྟེ།། སྟོང་ཉིད
2b3 ཐུགས་ལ་ཕྱག་འཚལ་ལོ།། ཨོཾ་བྲུཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། བུམ་པ་ཡུམ་ལོ་ཙ་ནར་བསྒོམས་ལ་སྔགས་འདི་བརྒྱ་འམ་ནུས་ཚད་བཟླས་སོ།། ཨོཾ་རུ་རུ་པུ་རུ་ཛྭ་ལ་སིདྡྷི་ལོ་ཅན
2b4 སྭཱཧཱ། དཀར་མོའི་མདོག་ལ་འོད་འཕྲོ་བར།། ཕྱག་ན་བདུད་རྩིའི་བུམ་པ་བསྣམས།། ཚེ་ཡི་དབང་མོ་བརྒྱུད་འཕེལ་མ།། དཔལ་དང་གཟི་བརྗིད་འཕེལ་བར་མཛོད།།
2b5 བཅོམ་ལྡན་རྣམ་པར་སྣང་མཛད་ཆེ་དཔག་མེད།། ཕྱག་རྒྱ་འཁོར་ལོ་ལ་སོགས་པས།། ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས།། སྣང་མཛད་ཆེ་སྩོལ་སྲོག
2b6 སྐྱོབས་ཤིག། ཨོཾ་བྲུཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཆེ་དཔག་མེད།། ཕྱག་རྒྱ་རྡོ་རྗེ་ལ་སོགས་པས།། ཕྱོགས་བཅུ་ནམ་མཁའི་བདུད
2b7 བཅོམ་ནས།། རྡོ་རྗེ་ཆེ་སྩོལ་སྲེག་སྐྱོབས་ཤིག། ཧཱུཾ་བྲུཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། བཅོམ་ལྡན་རིན་ཆེན་འབྱུང་ལྡན་ཚེ་དཔག་མེད།། ཕྱག་རྒྱ་རིན་ཆེན་འབར་བ་ལ
2b8 སོགས་པས།། ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས།། རིན་ཆེན་སྩོལ་སྲོག་སྐྱོབས་ཤིག། སྭ་བྲུཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། བཅོམ་ལྡན་སྣང་བ་མཐ