| e-texts navigator |
| Wylie |
9b1 བཅོམ་ལྡརྣམ་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་དང་སྲོག་ཆགས
9b2 སྟོང་ཆང་རྦ་དག་བཅོམ་ལྡན་འདས་ཀྱིས་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ་དག་ལ་ལྷའི་ཅན་དན་གྱི་བྱེ་མ
9b3 དང་། རྨཿ་ཏོག་མན་དཱ་ར་བ་དང་། མན་ད་ར་བ་ཆེན་པོ་རྣམས་ཀྱིས་མངོན་པར་གཏོར་ནས་བལ་མོ་སྦྱར་ཏེ་ཕྱོགས་གཅིག་ཏུ་འདུག་ནས་འདི་སྐད་ཅེས་གསོལ་ཏོ།།
9b4 བཅོམ་ལྡནས་བདག་གིས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་བགྱིད་པ་དང་། འཆང་བར་བགྱིད་པ་དང་། ཀློག་པར་བགྱིད
9b5 པ་དང་། ཆུབ་པར་བགྱིད་པ་དེ་དག་ལ་བསྲུང་བར་བགྱིའོ།། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ཁྱིམ་ན་མཆིས་སམ། དགོན་པ་ན
9b6 མཆིས་ཤིང་དྲུང་ན་མཆིས་སམ། ཁྱིམ་སྟོང་པ་ན་མཆིས་སམ། འབྲོག་དགོན་པ་ན་མཆིས་སམ། ལམ་དང་ལམ་གོལ་པ་ན་མཆིས་སམ། གཉིད་ལོག།
9b7 གམ། དམ་ལོག་པ་དག་ན་ཡང་དེ་དག་ལ་ཕ་རོལ་གྱི་གནོད་པས་འགུས་པར་མི་འགྱུར་བར་བདག་གིས་བསྲུང་བར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱི།
9b8 ཚེ་དང་ལྔ། ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས